བོད་ལུགས་གསོ་རིག་གསོན་ཤུགས་གསར་པ་རྒྱས་པ།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། ཀྲུང་ལུགས་གསོ་རིག་གི་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད་པས། དེས་དུས་རབས་གསར་པར་ཀྲུང་ལུགས་གསོ་རིག་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་ལུགས་གསོ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་བོད་ལུགས་གསོ་རིག་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཡག་ཤོས་འཕྲད་ཡོད།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་དང་ཡུལ་སྐོར་ཁྲོམ་ར་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་ཕྱིན་པ་དང་བསྟུན་ནས། ས་གནས་ཁག་གིས་ཐོན་ལས་མཚམས་སྦྱོར་དུ་བྱས་ཏེ། ཐོན་ལས་འཁོར་འབྲེལ་ལ་བརྟེན་ནས་གསར་གཏོད་འཁོར་འབྲེལ་ལ་སྐུལ་ཁྲིད་བྱེད་པ་དང་། “བོད་ལུགས་གསོ་རིག+”ཀྱི་བྱ་ཐབས་གསར་པ་འཚོལ་ཞིབ་བྱས་པས། ཐོན་ལས་ཀྱི་བཀོད་པ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། བོད་ལུགས་གསོ་རིག་དེ་རིག་གནས་དང་། ཡུལ་སྐོར། ལུས་གསོ་སོགས་དང་མཉམ་འདྲེས་གཏིང་ཟབ་ཐུབ་པ་དང་བསྟུན་ནས། བོད་ལུགས་གསོ་རིག་གི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ནུས་ལྡན་ཐུབ་སྟེ། སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་ལས་གསོན་ཤུགས་གསར་པ་རྒྱས་ཡོད།
འདི་ནི་བོད་ལྗོངས་ལྷ་ཡི་བདུད་རྩི་བོད་སྨན་ཚད་ཡོད་ཀུང་སིའི་ལས་མིས་བོད་སྨན་ཐུམ་སྒྲིལ་རྒྱག་བཞིན་པ།
འབྲེལ་ཡོད་གསར་འགྱུར།