དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • བདེ་འཇགས་བཤད། འཕྲལ་སྡོམ་ཤེས།

  • 分享到:
  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-11

    འདི་ནི་རྒྱལ་ཁབ་གློག་དྲ་དིང་རི་རྫོང་གློག་འདོན་ཀུང་སིའི་ལས་མིས་དིང་རི་རྫོང་གི་གེགས་ཁུལ་དུ་མང་ཚོགས་ལ་གློག་སྤྱོད་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    འདི་ནི“བདེ་འཇགས་ཐོན་སྐྱེད་ཟླ་བའི”དྲིལ་བསྒྲགས་བློ་འདྲིའི་ཉིན་མོར་རྒྱལ་ཁབ་གློག་དྲ་དིང་རི་རྫོང་གློག་འདོན་ཀུང་སིའི་ལས་བཟོས་གེགས་ཁུལ་དུ་གློག་སྐུད་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་བཞིན་པ།

    ཉེ་ཆར། རྒྱལ་ཁབ་གློག་དྲ་དིང་རི་རྫོང་གློག་འདོན་ཀུང་སིའི་ལས་དོན་མི་སྣ་དིང་རི་རྫོང་གི་གེགས་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད་ནས“བདེ་འཇགས་ཐོན་སྐྱེད་ཟླ་བའི”དྲིལ་བསྒྲགས་བློ་འདྲིའི་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོར་བསྐྲུན་པ་རེད།

    བྱེད་སྒོ་སྤེལ་རིང་། རྒྱལ་ཁབ་གློག་དྲ་དིང་རི་རྫོང་གློག་འདོན་ཀུང་སིས་ཆེད་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་བཀོད་སྒྲིག་བྱ་ཡུལ་གྱི་གློག་སྐུད་དང་གློག་སྒམ་སོགས་གློག་ཤུགས་སྒྲིག་བཀོད་ལ“ལེབ་བཤེར་རྣམ་པའི”ཞིབ་བཤེར་བྱས་པ་རེད། གློག་སྐུད་རྙིང་པ་ཆག་ཡོད་མེད་དང་། གཏོར་སྐྱོན་ཕོག་ཡོད་མེད། སྒེར་གྱིས་གང་བྱུང་དུ་མཐུད་ཡོད་མེད། སྒྲིག་ཆས་འཁོར་སྐྱོད་གནས་ཚུལ་རྒྱུན་གཏན་ཡིན་མིན་བཅས་ལ་གཙོ་གནད་དུ་ཞིབ་བཤེར་བྱས་པ་དང་། བཀོད་སྒྲིག་བྱ་ཡུལ་ལ་བདེ་འཇགས་དང་བརྟན་ལྷིང་གི་གློག་མཁོ་འདོན་འགན་ལེན་བྱས་པ། གྲོང་མིར་ཁྱིམ་སྤྱོད་གློག་ཆས་བདེ་འཇགས་ངང་སྤྱོད་པའི་དོན་གནད་ལ་འགྲེལ་བཤད་བརྒྱབ་པ། གྲོང་མིར་གློག་སྤྱོད་པའི་དཀའ་གནད་ཐག་གཅོད་བྱེད་རོགས་བྱས་པ་བཅས་ལ་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།