དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཁྱིམ་ཚང་མང་པོར་རིག་རྩལ་ཁྱབ་སྤེལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-11

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར“མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་སེམས་པ་ཏང་ལ་ཕྱོགས། ཡིག་གཟུགས་བརྩམས་ཆོས་ལམ་ནས་ཀ་ལའི་ཡུལ་མིར་དྲོ་སྐྱིད་སྦྱིན”ཞེས་པའི་རིག་རྩལ་གཤམ་སྤེལ་གྱི་བྱེད་སྒོ་སྤེལ་བ་རེད། ཡིག་མཁན་གྱིས་གྲོང་མིར་སྨོན་འདུན་བཟང་པོ་དང་བརྩེ་སེམས་ཟབ་མོ་མཚོན་པའི་ཡིག་གཟུགས་བརྩམས་ཆོས་སྤྲད་པ་དང་། མཛེས་རྩལ་མཁས་པ་དང་པར་ལེན་མཁས་པས་ཀ་ལ་གྲོང་ཚོའི་འཕོ་འགྱུར་དང་གྲོང་མི་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་མཚོན་པའི་བརྩམས་ཆོས་ཁྱེར་ཡོད།

    འདི་ནི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་བུ་མོ་ཆུང་ཆུང་ཞིག་ལ་ཡིག་མཁན་གྱིས་བྲིས་པའི“མི་རིགས་མཐུན་སྒྲིལ”ཞེས་པའི་ཡི་གེ་ཀློག་སྟངས་སློབ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།