ཀྲུང་གོའི་ས་མཐོའི་འདམ་ར་དང་དབྱིན་ཇིའི་གྲོང་ཁྱེར་གྱི་གློ་བ།
འདི་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་འདམ་རར་ཁྲུང་ཁྲུང་སྐེ་ནག་གི་ཨ་མས་རང་ཉིད་ཀྱི་ཕྲུ་གུར་རྒུམ་བུ་སྟེར་བཞིན་པ།
འདི་ནི་ཁྲུང་ཁྲུང་དཀར་པོ་ཞིག་གིས་དབྱིན་ཇིའི་ལོན་ཏོན་གྱི་འདམ་རའི་ལྟེ་གནས་ཀྱི་ཆུ་འགྲམ་དུ་རྒུམ་བུ་འཚོལ་བཞིན་པ།
འདི་ནི་དབྱིན་ཇིའི་ལོན་ཏོན་གྱི་འདམ་རའི་ལྟེ་གནས་སུ་ལས་དོན་པས་འདབ་ཆགས་ལ་རྒུམ་བུ་སྟེར་བཞིན་པ།
ལོན་ཏོན་གྲོང་ཁྱེར་གྱི་ལྟེ་གནས་དང་བར་ཐག་སྟོང་སྨི་5ཟིན་ཞིང་། ཐའེ་ཝུའུ་ཧྲི་གཙང་པོའི་འགྲམ་དུ་གནས་པའི་དབྱིན་ཇིའི་ལོན་ཏོན་འདམ་རའི་ལྟེ་གནས་ནི་བཟོ་ལས་ཀྱི་བེད་མེད་ས་ཆ་ཞིག་བསྐྱར་སྐྲུན་བྱས་པའི་གྲོང་ཁྱེར་གྱི་སྐྱེ་ཁམས་དགའ་ཚལ་ཞིག་ཡིན། འདི་གར་ཡུལ་སྐོར་བས་སྟོངས་ཉེར་ཡོད་པའི་འདབ་ཆགས་མི་ཉུང་བ་ཞིག་མཐོང་ཐུབ་པ་དང་། གླིང་ཁུལ་གྱིས་ལྟ་ཞིབ་བྱས་ནས་ཐོར་བཀོད་པའི་འདབ་ཆགས་ཀྱང་རིགས་200ལྷག་ཙམ་ཡོད། གྲོང་ཁྱེར་གྱི་མཐའ་རུ་ཡོད་པའི་མཚེའུ་ཞིག་ལ་གནས་སྤོས་ཀྱི་བྱ་རིགས་འཁོར་ཐུབ་པ་ལས། མི་དང་འདབ་ཆགས་བག་ཕེབས་ངང་མཉམ་གནས་ཐུབ་པ་དང་དེ་བཞིན་གྲོང་ཁྱེར་དང་རང་བྱུང་དོ་སྙོམས་མཉམ་གནས་བྱུང་བ་མཚོན་ཡོད།
བོད་ཀྱི་དམིགས་བསལ་གྱི་ས་ཁོངས་ཁོར་ཡུག་གིས་ཐུན་མོང་མ་ཡིན་པའི་སྐྱེ་དངོས་མང་པོ་སྐྱེ་ཐུབ་སྟེ་རྩ་ཆེའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་མང་པོ་ཁྱབ་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་རང་བྱུང་དགའ་ཚལ་ཞིག་ཏུ་གྱུར་ཡོད། ས་མཐོའི་སྲོག་ཆགས་ལ་སྲུང་སྐྱོང་བྱ་ཆེད། བོད་ཀྱིས་རྒྱལ་ཁབ་སྤྱི་གླིང་གིས་གཙོས་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་ཅིག་བཏོད་ཡོད།
ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཤིག་ཡིན་ལ་འཛམ་གླིང་ཐོག་ས་མཐོར་སྐྱེ་འཕེལ་དང་འཚོ་བ་སྐྱེལ་བཞིན་པའི་ཁྲུང་ཁྲུང་གི་རིགས་འབའ་ཞིག་ཀྱང་ཡིན།
ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་བྱེད་ཐབས་མང་པོ་སྤྱད་ནས་སྐྱེ་ཁམས་འཛུགས་སྐྱོང་འདུ་འགོད་ལག་ལེན་བསྟར་བས་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ལོ་རེ་བཞིན་ཇེ་མང་དུ་སོང་ནས་མིག་སྔར་བོད་དུ་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ཁྲི་ལས་བརྒལ་ཡོད།
ཀྲུང་གོའི་ས་མཐོ་ཡིན་ནའང་འདྲ། ཡང་ན་དབྱིན་ཇིའི་གྲོང་ཁྱེར་ཡིན་ནའང་འདྲ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བ་ནི་མི་རྣམས་ཀྱིས་དོན་གཉེར་བྱེད་པའི་གཅིག་མཚུངས་ཀྱི་འདུན་པ་རེད།