དུད་ཚང་དུ་བསྐྱོད་དེ་དམངས་ཀྱི་འདོད་བློར་ཉན། བརྩེ་སེམས་ལ་བརྟེན་ནས་དམངས་ཀྱི་སེམས་ཁྲལ་བསལ།
སྡེ་ཁུལ་གྱི་ལས་དོན་པ་དུད་ཚང་དུ་བསྐྱོད་དེ་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོར་ཉན་བཞིན་པ།
སྡེ་ཁུལ་གྱི་ལས་དོན་པ་དུད་ཚང་དུ་བསྐྱོད་དེ་མང་ཚོགས་ཀྱི“བསམ་འདུན་ཆུང་ཆུང”ཤེས་རྟོགས་བྱེད་བཞིན་པ།
ཉེ་ཆར། ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་བྱེ་རགས་སྡེ་ཁུལ་གྱི་ཆེད་འགན་དྲ་མིག་ལས་དོན་པ་བྱེ་རགས་ཁྲོམ་གཞུང་གི་སྲང་ལམ་དང་གྲོང་མིའི་ཁྱིམ་དུ་བསྐྱོད་དེ་འཚམས་འདྲི་དང་མང་ཚོགས་ཀྱི་རེ་བ་གང་ཡོད་གསལ་རྟོགས་བྱེད་པའི་ལས་དོན་སྤེལ་བ་དང་སྦྲགས། སྡེ་ཁུལ་ལས་དོན་སྐོར་གྱི་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་རེད།