ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་སྒོ་ཕྱེ་བ།
ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་ཟླ་7ཚེས་8ཉིན་ནས་སླར་ཡང་སྒོ་ཕྱེ་བ་དང་། སྒོ་ཕྱེ་རྗེས་རིན་པ་མི་དགོས་པ་མ་ཟད་། སྔོན་མངགས་ཀྱང་བྱེད་མི་དགོས་པར་ལྟ་སྐོར་བྱེད་ཆོག་གི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 《མི་རིགས་བཅིངས་འགྲོལ་དང་འཛམ་གླིང་ཞི་བདེའི་ཆེད》ཅེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཟླ་7ཚེས་7ཉིན་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་འགོ་ཚུགས་པ་དང་། ཟླ་7ཚེས་8ཉིན་ནས་སྤྱི་དམངས་ལ་ཁ་ཕྱོགས་ནས་སྒོ་ཕྱེ་ཞིང་། འདི་ནི་ཟླ་7ཚེས་7ཉིན་པར་བླངས་པའི་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་ཡིན་པ།