ནུང་ཧྥུའུ་ཧྲན་ཆོན་གཏེར་ཆུའི་ཉིང་ཁྲི་བཟོ་གྲྭ་དངོས་སུ་སྤྱོད་འགོ་ཚུགས་པ།
ཉེ་ཆར། ནུང་ཧྥུའུ་ཧྲན་ཆོན་གཏེར་ཆུའི་ཉིང་ཁྲིའི་བཟོ་གྲྭ་དངོས་སུ་སྤྱོད་འགོ་ཚུགས་ཡོད། བཟོ་གྲྭ་དེ་2024ལོའི་7པར་སྐྲུན་འགོ་ཚུགས་པ་དང་། རྣམ་གྲངས་ལ་ཁྱོན་སྒོར་དུང་ཕྱུར་3.4བཏང་བར་རང་བྱུང་འཐུང་ཆུ་དང་། ཤིང་ཏོག་གི་བཏུང་བྱ། ཇའི་བཏུང་བྱ་སོགས་སྣ་ཁ་མང་པོར་ཁྱབ་ལ། ལོར་ཐོན་ཚད་ཏུན་ཁྲི་59.48ཐོན་སྐྱེད་ཐུབ་ཀྱི་ཡོད། ཐོན་སྐྱེད་འཁོར་ཁང་དུ་སྐྱོད་སྐབས་རིག་ནུས་ཅན་གྱི་ཐོན་སྐྱེད་བརྒྱུད་རིམ་འཁོར་སྐྱོད་ནུས་ལྡན་ཐུབ་ནས་ཆུ་གཙང་བཟོ་དང་། འགྱིག་དམ་ལ་ཕུ་རྒྱག་པ། འགྱིམ་དམ་ནང་བླུག་པ་བཅས་ནས་ཚོང་རྟགས་སྦྱོར་བ་དང་ཐུམ་སྒྲིལ་རྒྱག་པའི་བར་ཐོན་སྐྱེད་ལས་རིམ་ཐེངས་གཅིག་ལ་གྲུབ་ནས་བརྒྱུད་རིམ་ཧྲིལ་པོ་རང་འགུལ་ཅན་གྱི་ཆུ་ཚད་མཐོ་པོར་སླེབས་ཡོད་ཅིང་། འདི་ནི་ལས་དོན་པས་ཐུམ་སྒྲིལ་ཤོག་སྒམ་ལ་ཞིབ་བཤེར་བྱེད་བཞིན་པ།