ཡུལ་སྨད་དུ་སྨན་བཅོས་བྱེད་པར་བསྐྱོད་པ།
ཉེ་ཆར། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱིས་མཉམ་དུ་སྒྲིག་འཛུགས་བྱས་པའི“གཞི་རིམ་དུ་སྨན་བཅོས་དང་སྨན་སྤྲོད་པའི”མཉམ་འབྲེལ་སྐོར་སྐྱོད་སྨན་བཅོས་རུ་ཁག་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་འབྱོར་ཏེ། མཐའ་སྲུང་མི་དམངས་ཉེན་རྟོག་པ་དང་དེ་བཞིན་ཡུལ་དེའི་མང་ཚོགས་ལ་འོས་འགན་སྨན་བཅོས་བྱས་ནས་བདེ་ཐང་གི་ཞབས་འདེགས་ཞུས་པ་དང་དགོས་མཁོ་ཆེ་བའི་སྨན་སྤྲད་ཅིང་། འདི་ནི་སྨན་བཅོས་རུ་ཁག་གི་རིགས་གཅིག་མཁས་ཅན་གྱིས་མང་ཚོགས་ཀྱི་མིག་ལ་བརྟག་དཔྱད་བྱེད་བཞིན་པ།