བོད་དམག་ཁུལ་ཁང་རྣ་ཐོས་ལའི་སོ་ལྟ་ཁང་གི་དཔོན་དམག་གིས་ཏང་ཞུགས་དམ་བཅའ་བསྐྱར་དྲན་བྱས་ནས་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ།
འདི་ནི་བོད་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་ཤོག་ཅིག་གི་རྣ་ཐོས་ལའི་སོ་ལྟ་ཁང་གི་དཔོན་དམག་ཚོས་ཏང་ཞུགས་དམ་བཅའ་བསྐྱར་དྲན་གྱི་བྱེད་སྒོ་སྤེལ་བཞིན་པ།
ཉིན་ཤས་བསྟུད་མར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བར་རྟེན་འབྲེལ་ཞུ་ཆེད། དམག་དཔུང་ཡོངས་ཀྱི་དཔུང་སྡེས་རྣམ་པ་སྣ་ཚོགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། དཔོན་དམག་ཚོས་ཏང་ཞུགས་དམ་བཅའ་བསྐྱར་དྲན་དང་གསར་བརྗེའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་པ་སོགས་ཀྱི་བྱེད་སྒོ་བརྒྱུད་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་ལག་ལེན་ནང་ཞུགས་ཏེ་དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་ཆེད་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།