མེ་ཟོན་འཕྲལ་སྡོམ་ནང་སྦྱོང་བྱས་ཏེ་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ལས་ཁུངས་ཏང་ཀྲི་པུས་གྲོང་ཁྱེར་མྱུར་སྐྱེལ་ལས་རིགས་ཏང་ཨུད་དང་མཉམ་འབྲེལ་བྱས་ཏེ། ཟླ་6པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་དང་བདེ་འཇགས་ཐོན་སྐྱེད་ཟླ་བའི་མེ་ཟོན་འཕྲལ་སྡོམ་བྱེད་སྒོ་སྤེལ་ཏེ། མེ་ཟོན་ལས་དོན་པ་གདན་དྲངས་ནས་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱས་པ་རེད། བྱེད་སྒོ་སྤེལ་རིང་། མེ་ཟོན་ལས་དོན་པས་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་ལས་ཀའི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་རྒྱུན་མཐོང་མེ་གསོད་ཡོ་ཆས་སྤྱོད་སྟངས་བསླབས་པ་མ་ཟད། མེ་སྐྱོན་ལད་ཟློས་ཀྱི་འཕྲལ་སྡོམ་ནང་སྦྱོང་ནང་ཞུགས་མཁན་ལ་དངོས་སྦྱོང་སྦྱོང་བརྡར་བྱས་པ་རེད། ནག་ཆུ་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱི་འབྲེལ་ཡོད་ལས་དོན་པས་གོམ་སྟབས་རྗེས་མར་ལས་ཁུངས་ཀྱི་ཏང་ཀྲི་པུའུ་དང་མྱུར་སྐྱེལ་ལས་རིགས་ཏང་ཨུད་ཀྱིས་མཉམ་ལས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་སློབ་གསོའི་བྱེད་སྒོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ། ལས་རིགས་བདེ་འཇགས་དང་བརྟན་ལྷིང་ངང་འཕེལ་རྒྱས་ཡོང་བར་གཡས་གཞོགས་གཡོན་འདེགས་བྱེད་ཀྱི་ཡིན་ཞེས་བཤད། འདི་ནི་མེ་ཟོན་ལས་དོན་པས་མེ་གསོད་ཡོ་ཆས་སྤྱོད་སྟངས་སློབ་བཞིན་པ།