ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་བསྐྱོད་པ།
ཁམ་བུའི་མེ་ཏོག་གླིང་ནས། སྙན་པའི་གཏམ་བཟང་གྲགས་བྱུང་།
འདི་ནི་ཀ་ལ་གྲོང་ཚོའི་ཟུར་ཞིག་ཡིན་པ།
འདི་ནི་ཀ་ལ་གྲོང་ཚོའི་གྲོང་མིས་པད་ཁ་བརྔ་བཞིན་པ།
འདི་ནི་ཀ་ལ་གྲོང་ཚོའི་གྲོང་མིས་ཁམ་བུ་འཐུ་བཞིན་པ།
འདི་ནི་ཀ་ལ་གྲོང་ཚོའི་གྲོང་མིས་མེ་ཏོག་ལ་ལྟ་བཞིན་པ།
འདི་ནི་ཡུལ་སྐོར་བས་ཀ་ལ་གྲོང་ཚོར་དྲན་རྟེན་པར་རྒྱག་བཞིན་པ།
འདི་ནི་ཡུལ་སྐོར་བས་ཀ་ལ་གྲོང་ཚོར་འཆམ་འཆམ་བྱེད་བཞིན་པ།
ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཚང་མར་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཏན་ཏིག་དང་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་པའི་ཐུགས་རེ་གནང་ཡོད། ལོ་བཞིའི་གོང་གི་2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་རིང་ཀ་ལ་གྲོང་ཚོར་ཕེབས་ནས་གྲོང་མི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད།
ཀ་ལ་གྲོང་ཚོ་ནི་མཛེས་སྡུག་ལྡན་པའི་ཉང་ཆུའི་ངོགས་སུ་གནས་ཤིང་། བོད་ཀྱི“ཁམ་བུའི་མེ་ཏོག་གི་གྲོང་ཚོ་དང་པོ”ཞེས་པའི་མཚན་སྙན་ཡོད། ལོ་རེའི་ཟླ་བ་གསུམ་པ་དང་བཞི་པར་གྲོང་ཚོ་ཡོངས་ཀྱི་མུའུ་270ལྷག་ཙམ་གྱི་སར་རི་སྐྱེས་ཁམ་བུའི་མེ་ཏོག་ཁྲ་ཆིལ་ལེར་བཞད་ཀྱི་ཡོད་པས། ཡུལ་སྐོར་བ་མང་དག་ཅིག་སུམ་རྩེན་ས་ལ་འཕོས་འདྲའི་གནས་འདིར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་བའི་ཁ་ཕྱོགས་ལྟར། ཀ་ལ་གྲོང་ཚོར་ཉེ་བའི་ལོ་ཤས་རིང་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་། མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གྲུབ་འབྲས་གསར་པ་ཐོབ་པ་དང“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཡང་ཐོབ་ཡོད།
ཉེ་བའི་ལོ་ཤས་རིང་། ཀ་ལ་གྲོང་ཚོས“ཁམ་བུའི་མེ་ཏོག་གི་དཔལ་འབྱོར”འཕེལ་རྒྱས་བཏང་བ་དང“ཡུལ་སྐོར+”གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཁམ་བུའི་མེ་ཏོག་གླིང་གི་མཛེས་ལྗོངས་ཀྱིས་གཙོས་པའི་གྲོང་གསེབ་ཡུལ་སྐོར་ཐོན་ལས་བཏོད་པ་དང་ཆབས་ཅིག ལྟ་སྐོར་འཐུ་བཏུའི་གླིང་འཕེལ་རྒྱས་བཏང་སྟེ“ཁམ་བུའི་མེ་ཏོག་གི་གྲོང་ཚོའི”སྤུས་རྟགས་སྐད་གྲགས་ཆེ་རུ་བཏང་ཡོད། གྲོང་ཚོའི་ནང་ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་བཙུགས་ཏེ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པས། མཉམ་སྡེབ་དཔལ་འབྱོར་ཉིན་རེ་བཞིན་རྒྱ་སྟོབས་ཆེ་རུ་ཕྱིན་པ་དང་། གྲོང་མིའི་ཡོང་འབབ་སྔར་བས་མང་དུ་ཕྱིན་པ་མ་ཟད། མང་ཚོགས་ཚོར“སྐྱེ་ཁམས་ཀྱི་ཡོང་འབབ”བྱུང་ནས“ཕྱུག་འགྱུར་གྱི་ལམ་བུར”སྐྱོད་བཞིན་ཡོད།
“བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”འདི་ནི་ཀ་ལ་གྲོང་ཚོའི་གྲོང་མིས་སྤྱི་ཁྱབ་ཧྲུའུ་ཅིར་ཕུལ་བའི་འཕྲིན་ཡིག་ནང་བྲིས་པའི་སེམས་གཏིང་གི་སྐད་ཆ་ཡིན་ལ། ཁོང་ཚོས་ཐོག་མཐའ་བར་གསུམ་དུ་རང་རྟོགས་ངང་ལག་ལེན་བསྟར་བཞིན་པའི་བདེ་སྐྱིད་ཀྱི་ལམ་བུའང་རེད།
ཀ་ལ་གྲོང་ཚོའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ནི་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད་ལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཀྱི་དཔེ་མཚོན་ཞིག་ཀྱང་རེད།