ཤིས་ཨན་དུ་རི་སྐྱེས་འདབ་ཆགས་རང་བྱུང་ཁམས་སུ་གློད་པ།
གསར་འགོད་པས་ཤིས་ཨན་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། ཉེ་ཆར། ཤིས་ཨན་གྲོང་ཁྱེར་གྱི་རི་སྐྱེས་འདབ་ཆགས་སྲུང་སྐྱོང་ཆེད་དོན་བྱ་སྤྱོད་ཀྱིས་རི་སྐྱེས་འདབ་ཆགས་4000ལྷག་ཙམ་བསྐྱབས་ཡོད། ཟླ་6ཚེས་29ཉིན། ཤིས་ཨན་གྲོང་ཁྱེར་གྱི་སྡེ་ཚན་མང་པོས་མཉམ་དུ་རི་སྐྱེས་འདབ་ཆགས་གློད་པའི་བྱེད་སྒོ་སྤེལ་ཏེ། ཁྱོན་རླུང་ཙེ་ཁག་263ནང་གི་རི་སྐྱེས་འདབ་ཆགས་859རང་བྱུང་ཁམས་སུ་གློད་པ་རེད། འབྱུང་འགྱུར་ད་དུང་འདབ་ཆགས་གཞན་དག་རིམ་གྱིས་གློད་རྒྱུ་ཡིན་ཞིང་། འདི་ནི་ཟླ་6ཚེས་29ཉིན། ཤིས་ཨན་ཁྲན་པཱ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་ཤིས་ཨན་གྲོང་ཁྱེར་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་དོ་དམ་ས་ཚིགས་ཀྱི་ལས་དོན་པས་རི་སྐྱེས་འདབ་ཆགས་གློད་རྩིས་བྱེད་པ།