དབྱར་དུས་ཏ་ཝོ་སི་གླེང་སྟེགས་ཀྱི་ཉམས་སྣང་།
ཟླ་6ཚེས་25ཉིན་གྱི་དགོང་མོར། དབྱར་དུས་ཏ་ཝོ་སི་གླེང་སྟེགས་སྐབས་བཅུ་དྲུག་པའི་རིག་གནས་མཚན་མོ་ཞེས་པ་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས(ཐེན་ཅིན)སུ་འཚོགས་ཤིང་། བྱེད་སྒོར་ཞུགས་པའི་སྐུ་མགྲོན་ཚོས་གར་སྟེགས་ཐོག་གི་ཀྲུང་ནུབ་རིག་གནས་མཉམ་འདྲེས་ཀྱི་རིག་རྩལ་འཁྲབ་སྟོན་ལ་ལྟ་ཞོར་དུ་ཐེན་ཅིན་གྱི་ཞིམ་ཟས་ལ་རོལ་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱས། འདི་ནི་ཟླ་6ཚེས་25ཉིན། རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས(ཐེན་ཅིན)སུ་པར་བླངས་པའི་དབྱར་དུས་ཏ་ཝོ་སི་གླེང་སྟེགས་སྐབས་བཅུ་དྲུག་པའི་རིག་གནས་མཚན་མོ་ཞེས་པའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།