ཡིག་གཟུགས་འབྲི་རྩལ་གྱིས་བྱིས་སེམས་གསོ། བདེ་ཐང་འཚར་ལོངས་ལ་ཐུགས་ཁུར་བྱེད།
ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སློབ་ཆུང་སློབ་མའི་རྒྱ་ཡིག་ཡིག་གཟུགས་དང་རྩོམ་འབྲིའི་ཤེས་བྱའི་ཆུ་ཚད་ལེགས་སུ་གཏོང་ཆེད། ཉེ་ཆར། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་མཚོ་ནག་སྡེ་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ལྷན་གྱི་སློབ་ཁང་དུ་སྤྱི་ཕན་ཡིག་གཟུགས་སློབ་ཚན་ཁྲིད་པ་རེད། སློབ་ཚན་འཁྲིད་སྐབས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་ཡིག་གཟུགས་ཀྱི་གལ་ཆེའི་རང་བཞིན་བརྗོད་པ་མ་ཟད། རྒྱ་ཡིག་ཡིག་གཟུགས་འབྲི་སྟངས་བསླབས་ཤིང་། འདི་ནི་སློབ་ཆུང་སློབ་མ་ཚོས་ཡིག་གཟུགས་སྦྱོང་བཞིན་པ།