ཆུ་ཐོག་རོགས་སྐྱོབ་ཀྱི་སྦྱོང་བརྡར་ཆེན་པོ།
ཆུ་ལོག་གནོད་འཚེར་ཁ་གཏད་གཅོག་པའི་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་ཏན་ཏིག་གཏོང་ཆེད། ཉིན་ཤས་བསྟུད་མར་གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཁག་གིས་བཅའ་སྡོད་བྱ་ཡུལ་གྱི་འབྲུབ་ཆུ་རྒྱས་དུས་དང་དཔུང་ཁག་གི་རོགས་སྐྱོབ་ནུས་པའི་དོན་དངོས་དང་ཟུང་འབྲེལ་གང་ལེགས་ཀྱིས་ཆུར་ལྷུང་མཁན་ལ་རོགས་སྐྱོབ་དང་གྲུ་གཟིངས་མགོ་རྟིང་ལོག་པར་རང་སྐྱོབ་སོགས་དཀའ་ཚེགས་ཆེ་བའི་དངོས་འཐབ་སྦྱོང་བརྡར་10ལྷག་ཙམ་སྒྲིག་འཛུཌ་བྱས་ཏེ། རྙོག་འཛིང་ཆེ་བའི་ཆུ་ཁོངས་ཁོར་ཡུག་གི་མེ་ཟོན་རུ་མིའི་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་བཏང་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་ལ་འགན་ལེན་ཧུར་ཐག་བྱས་ཤིང་། འདི་ནི་མེ་ཟོན་རུ་མིས་གྲུ་གཟིངས་མགོ་རྟིང་ལོག་པར་རང་སྐྱོབ་སྦྱོང་བརྡར་བྱེད་བཞིན་པ།