སྔོ་ལྗང་གིས་བརྒྱན་པའི་ཧྲང་ཨའོ་གྲོང་ཚོ།
ཀུའེ་ཀྲོའུ་ཞིང་ཆེན་གྱི་ཤར་ལྷོའི་མཚམས་སུ་གནས་པའི་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་ཚུང་ཅང་རྫོང་ཤིའུ་ཐང་ཀྲོང་རིགས་ཤང་ཧྲང་ཨའོ་གྲོང་ཚོ་ནི་ཁག་གསུམ་པའི“ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ”རེད།
གྲོང་ཚོའི་ནང་ཀྲོང་རིགས་ཀྱི་ཨ་རག་འགྱོག་སྲོལ་སོགས་མངོན་མིན་རིག་གནས་ཤུལ་བཞག་གསོག་ཉར་བྱས་ཡོད་པ་དང་ཀྲོང་རིགས་ཀྱི་ལོ་གསར་དང་སྟོན་ཚུགས་སོགས་སྲོལ་རྒྱུན་གྱི་དུས་ཆེན་འཆར་རིམ་བཞིན་གྲོང་མི་ཚོས་གླུ་ལེན་གར་འཁྲབ་བྱས་ནས་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་འདུན་ཞུ་གི་ཡོད།
ཉེ་བའི་ལོ་ཤས་རིང་། ཧྲང་ཨའོ་གྲོང་ཚོས་སྲོལ་རྒྱུན་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་བས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ། གྲོང་མིའི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ད་ཆའི་ཧྲང་ཨའོ་གྲོང་ཚོ་ནི་མི་རིགས་ཀྱི་ཉམས་འགྱུར་ཧ་ཅང་ཆེན་པོ་ལྡན་པའི་ཡུལ་སྐོར་གནས་མཆོག་ཏུ་གྱུར་ཡོད་ལ། ཀྲོང་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་དཔེ་མཚོན་དུའང་གྱུར་ཡོད།
འདི་ནི་ཧྲང་ཨའོ་གྲོང་ཚོའི་རྣམ་པ་ཡིན་པ།