དབུ་ཤོག>པར་མཛོད།>པར་མཁན།
  • བྱེ་ཐང་ཆེན་པོའི་མངར་ཁམ་སྡོང་པོར་འབྲས་བཟང་སྨིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-26

    པཱ་ཏན་ཅི་ལིན་བྱེ་ཐང་གི་ལྷོ་སྣེར་གནས་པའི་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་ལིན་ཙེ་རྫོང་དུ་བྱེ་ཐང་དང་མྱ་ངམ་ཐང་གིས་རྫོང་ཡོངས་ཀྱི་ས་ཁྱོན་ཧྲིལ་པོའི་2/3ཡན་བཟུང་ཡོད། ཉེ་བའི་ལོ་ཤས་རིང་། ལིན་ཙེ་རྫོང་གིས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཐང་རྒོད་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ་དང་། ཁྱད་ལྡན་ནགས་ཚལ་དང་ཤིང་ཏོག་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བས། བྱང་ཕྱོགས་ཀྱི་ཐང་རྒོད་ཁུལ་དག་སྔོ་ལྗང་གཡུ་ཡི་གོས་བཟང་བཀླུབས་པ་དང་འབྲས་བུའི་ཁུར་གྱིས་དུད་པའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་གྱུར་ནས། ནགས་ཚལ་དང་ཤིང་ཏོག་ལས་རིགས་ཀྱིས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་བཞིན་ཡོད། འདི་ནི་པན་ཆའོ་གྲོང་རྡལ་ཡིའུ་ཧའོ་གྲོང་ཚོའི་ཡུལ་མི་ཚོས་རང་ཁྱིམ་གྱི་མངར་ཁམ་ལྡུམ་ར་ནས་སྨིན་ཟིན་པའི་མངར་ཁམ་འཐུ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།