མི་རིགས་ཀྱི་རིག་གནས་ངོམ་སྟོན་བྱས་ཏེ་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་བ།
ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཁྲིད་སྟོན་དུ་བྱས་ཏེ་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་རྒྱུན་འཛིན་ཟུང་འབྲེལ་ནུས་ལྡན་བྱས་པར་བརྟེན་འབྲོག་པའི་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མ་ཟད། འབྲོག་ཁུལ་དེ་མི་རིགས་ཀྱི་རིག་གནས་ངོམ་སྟོན་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ལ་གྱུར་ཅིང་། འདི་ནི་ཡུལ་སྐོར་བས་རྩིད་འཐག་སླ་རྩལ་ཉམས་ལེན་བྱེད་པ།