ཁྲིམས་སྐྱོང་གིས་ན་ཆུང་བྱིས་པའི་འཚར་ལོངས་སྲུང་བ།
ཉེ་ཆར། ཨ་མདོ་རྫོང་མི་དམངས་ཞིབ་དཔྱོད་ཁང་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་པུའི་ལས་བྱེད་ཉེན་རྟོག་པ་བྲག་སྨུག་གྲོང་རྡལ་དང་དམར་ཆུ་ཤང་སོགས་ཐག་རིང་ཤང་དང་གྲོང་རྡལ་དུ་བསྐྱོད་ནས“ལག་གདང་སྦྲེལ་ནས་གཅེས་སྐྱོང་བྱེད། ཐུན་མོང་ཐོག་འབྱུང་འགྱུར་སྲུང་བའི”ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། ལས་བྱེད་ཉེན་རྟོག་པ་ཚོས་སློབ་གྲྭའི་བརྙས་བཅོས་དང་དྲ་རྒྱའི་ཉེན་ཁ་སྔོན་འགོག་སོགས་གླེང་ཆ་ཆེ་བའི་གནད་དོན་ལ་དམིགས་ནས། གྱོད་དཔེ་དངོས་དང་ཟུང་འབྲེལ་གྱིས་སློབ་མ་དང་ཁྱིམ་བདག་ལ་ཁ་གཏད་གཅོག་ཐབས་དང་རང་སྲུང་ཐབས་ལམ་འགྲེལ་བཤད་བརྒྱབ་སྟེ། ཕྲུ་གུ་ཚོར་ཡང་དག་པའི་ཁྲིམས་སྐྱོང་ལྟ་བ་འཛུགས་པ་དང་རང་སྲུང་འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱས་པ་རེད། འདི་ནི་ཨ་མདོ་རྫོང་དམར་རོང་ཤང་སློབ་ཆུང་གི་ཕྲུ་གུ་ཚོས་དགའ་ཚོར་ཆེན་པོས་ལས་བྱེད་ཉེན་རྟོག་པས་སྤྲད་པའི་ཡིག་ཆས་སྟོན་བཞིན་པ།