སྐོར་སྐྱོད་བྱིས་པའི་ཕོ་བྲང་གིས་ཕྲུ་གུ་ཚོར་སྤྲོ་སྣང་སྦྱིན་པ།
ཉེ་ཆར་ལྷ་ས་གྲོང་ཁྱེར་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་དང་ཁྲེང་ཀོན་ཆུས་བརྒྱད་གཅིག་ཁྲོམ་གཞུང་བརྒྱད་གཅིག་སྡེ་ཁུལ་གྱིས་མཉམ་དུ་གཉེར་བའི་སྡེ་ཁུལ་ས་ཚིགས་ཀྱི་སྐོར་སྐྱོད་བྱིས་པའི་ཕོ་བྲང་གི་སྤྱི་ཕན་སློབ་ཚན་ཐོག་མ་སློབ་མཇུག་འགྲིལ་བའི་མཛད་སྒོ་འཚོགས་པ་རེད། ཕྲུ་གུ་ཚོས་གསར་གཏོད་བརྩམས་ཆོས་སྟོན་པ་དང་ལྟད་མོ་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་ནས་སློབ་སྦྱོང་གྲུབ་འབྲས་མངོན་པར་བྱས་ལ། དུས་ཚིགས་འདིའི་འཚར་ལོངས་འགྲུལ་ཤུད་ལ་རྫོགས་བཤད་ཀྱང་བཀོད་ཡོད།
འདི་ནི་ཕྲུ་གུ་ཚོས་གཟིགས་འབུལ་འཁྲབ་སྟོན་བྱེད་པ།