དབུ་ཤོག>པར་མཛོད།
  • ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་བཟོ་སྐྲུན་ཚོགས་པ་ཧྭ་ནན་ཚད་ཡོད་ཀུང་སིས།

    ལོ་ཆུང་བྱིས་པ་སྒྲིག་འཛུགས་ཀྱིས་སྤྲོ་སྣང་ལྡན་པའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-20

    འདི་ནི་ཕྲུ་གུ་ཚོས་སྒྲུག་པའི་གད་སྙིགས“ལྗང་མདོག་ཚོང་བཅོལ་ཁང”དུ་ཁྱེར་ནས་ལག་རྟགས་ཆུང་ངུ་བརྗེ་བཞིན་པ།

    འདི་ནི་ཕྲུ་གུ་ཚོས་རྩི་ཤིང་དབྱེ་འབྱེད་ངོས་འཛིན་བྱེད་བཞིན་པ།

    འདི་ནི་ཕྲུ་གུ་ཚོས་རླུང་གཡབ་ཀྱི་ངོས་སུ་རི་མོ་འབྲི་བཞིན་པ།

    འདི་ནི་སྤྲོ་སྣང་དོད་པའི་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་སྤེལ་རིང་དྲན་རྟེན་པར་རྒྱག་བཞིན་པ།

    ཉེ་ཆར། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་བཟོ་སྐྲུན་ཚོགས་པ་ཧྭ་ནན་ཚད་ཡོད་ཀུང་སིས་ཉིང་ཁྲི་གྲོང་ཁྱེར་གྱི་སློབ་གྲྭ་མང་པོ་ནས་ཡོང་བའི་ལོ་ཆུང་བྱིས་པ་24སྒྲིག་འཛུགས་བྱས་ཏེ“བོད་ལྷོའི་ཁམ་རོང”གི་རྣམ་གྲངས་པུའུ་རུ་ཡོང་ནས་རང་བྱུང་དང་རིག་གནས་ཀྱི་ཉིང་བཅུད་ཁྲོད་དོན་སྙིང་དང་སྤྲོ་སྣང་གིས་ཁེངས་པའི་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་ཞིག་སྤེལ་བས་ཕྲུ་གུ་ཚོ་བརྗེད་པར་དཀའ་བའི་དུས་ཚོད་ཅིག་ལ་རོལ་སྐལ་ཐོབ།

    བྱེད་སྒོ་སྤེལ་རིང་། ཕྲུ་གུ་ཚོ“རང་བྱུང་མྱུལ་ཞིབ་པ”ཞིག་ཏུ་གྱུར་ནས་རྩི་ཤིང་རིག་པ་མཁས་ཅན་གྱི་སྣེ་ཁྲིད་འོག་ངོ་མཚར་ཆེ་བའི་རྩི་ཤིང་འཚོལ་འགོ་ཚུགས་ཡོད། ཚང་མས་རྩི་ཤིང་མི་འདྲ་བའི་ཁྱད་ཆོས་དང་སྐྱེ་ཁམས་ཀྱི་ནུས་པ་ཤེས་རྟོགས་བྱས་ཤིང་། རྩི་ཤིང་སྣ་ཚོགས་འཚོལ་སྐབས་ཕྲུ་གུ་ཚོས་ཉང་ཆུའི་རོང་གི“སྐྱེ་ཁམས་ཀྱི་གསང་བ”རྟོགས་པར་བྱས་པ་མ་ཟད། རང་བྱུང་གི་མཛེས་སྡུག་ངོས་འཛིན་གཏིང་ཟབ་ཀྱང་བྱས་པ་དང་རང་བྱུང་ལ་དགའ་ཞེན་དང་གུས་བཀུར་བྱེད་པའི་བརྩེ་སེམས་གསོ་སྐྱོང་བྱས་ཡོད།

    ནགས་ཚལ་མྱུལ་ཞིབ་ཁྲོད“རང་བྱུང་མྱུལ་ཞིབ་པ”ཚོས“གངས་རི་སྲུང་མཁན”གྱི་འགན་འཁྲི་ཕྲག་ཏུ་འཁུར་ནས་གད་སྙིགས་གཙང་སེལ་གྱི་བྱ་སྤྱོད་བརྒྱུད། ཁོར་ཡུག་སྲུང་སྐྱོང་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། ཁོང་ཚོས་སྒྲུག་པའི་གད་སྙིགས་དག“ལྗང་མདོག་ཚོང་བཅོལ་ཁང”དུ་ཁྱེར་ནས་གངས་རིའི་བྱ་དགའ་ཆུང་ཆུང་བརྗེ་ཡི་ཡོད། བྱེད་སྒོ་དེས་ཕྲུ་གུ་ཚོར་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་དངོས་སུ་མྱོང་ཚོར་ཐུབ་པ་མ་ཟད། ད་དུང་ཁོང་ཚོའི་འགན་འཁྲི་ཁུར་སེམས་དང་བྱ་སྤྱོད་ནུས་པའང་འཕེལ་བར་བྱས་ཡོད།

    རང་བྱུང་ཁམས་དང་འབྲེལ་འདྲིས་བྱས་པ་ཕུད། ཕྲུ་གུ་ཚོས་ད་དུང་ཚོན་མདོག་གི་མཛེས་པ་ཉམས་ལེན་བྱས་ཡོད། ཁོང་ཚོས་འཆར་སྒོ་དང་གསར་གཏོད་ནུས་པ་རང་དགར་བཏོན་ནས་གཏེར་རྫས་ཀྱི་ཚོན་རྩིས་འཇིམ་བརྐོས་ལ་ཚོན་བྱུག་པ་དང་རླུང་གཡབ་ཀྱི་ངོས་ལ་རི་མོ་བྲིས་ནས་བྱིས་པའི་སེམས་པ་གཅིག་ཏུ་བསྒྲིམ་པའི་བརྩམས་ཆོས་རེ་རེ་བརྩམས་སྟེ་རང་གིས་འཛམ་གླིང་ལ་ངོས་འཛིན་དང་མྱོང་ཚོར་བྱེད་ནུས་མཚོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།