སྣ་དཀར་རྩེ་གྲོང་རྡལ་སློབ་ཆུང་གི་དྲ་ཐོག་སྦྲེལ་མཐུད་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཉེ་ཆར། སྣ་དཀར་རྩེ་རྫོང་སྣ་དཀར་རྩེ་གྲོང་རྡལ་སློབ་ཆུང་དང་མིང་ཀོང་གྲོང་ཁྱེར་མིང་ཧུའུ་སློབ་གྲྭས“སེ་འབྲུའི་རྡོག་ལྟར་གཅིག་སེམས་གཅིག་ལ་སྦྲེལ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་དྲ་ཐོག་སྦྲེལ་མཐུད་བྱེད་སྒོ་སྤེལ་བ་དང་། དྲ་བའི་སྣེ་གཉིས་སུ་སློབ་མ་ཚོས་ཕ་ཡུལ་གྱི་ཁྱད་ལྡན་ཐོན་ཟོག་སེམས་རྩ་འཁོལ་པོས་ངོ་སྤྲོད་བྱེད་ཞོར་གླུ་གཞས་དང་། གྱེར་འདོན། མི་རིགས་ཞབས་བྲོ་སོགས་ལྟད་མོ་ཆེ་བའི་འཁྲབ་སྟོན་བྱས་པ་རེད། མིང་ཧུའུ་སློབ་གྲྭའི་སློབ་མས་གྲ་སྒྲིག་ཞིབ་ཚགས་བྱས་པའི“བསམ་འདུན་ཆུང་ངུ”བསྟན་ནས་མཛའ་གཅུགས་ཟབ་མོ་བརྒྱུད་སྤྲོད་བྱས་པ་རེད། བྱེད་སྒོའི་མཇུག་ཏུ་སློབ་གྲྭ་གཉིས་པོའི་སློབ་མས《ང་ཡི་ཀྲུང་ཧྭ་ལ་དགའ》ཞེས་པ་མཉམ་དུ་བླངས་ཤིང་། ད་ཐེངས་བྱེད་སྒོའི་ཁྲོད་རིག་གནས་སྤེལ་རེས་ཀྱི་སྦྲེལ་ཟམ་བཙུགས་ཏེ་གཞོན་ནུའི་སེམས་ཁམས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟུག་པར་བྱས་ཡོད། འདི་ནི་སྣ་དཀར་རྩེ་གྲོང་རྡལ་སློབ་ཆུང་གི་དྲ་ཐོག་སྦྲེལ་མཐུད་བྱེད་སྒོ་སྤེལ་ཡུལ་ཡིན་པ།