རྒྱ་སྲང་ཚད་ལྡན་བཟོས་ནས་དམངས་ལ་ཕན་འདོགས་པ།
ཉེ་ཆར། མལ་གྲོ་གུང་དཀར་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རང་སྐྱོང་ལྗོངས་ཀྱི་ཚད་འཇལ་སུའོ་ཡི་ལག་རྩལ་པ་གདན་དྲངས་ཏེ“ངས་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་ཏེ་དམངས་ལ་ཕན་པ་འདོགས”ཞེས་པའི་བྱེད་སྒོ་སྤེལ་ནས་དམངས་འཚོའི་ཚད་འཇལ་ཡོ་ཆས་དྲང་གཞག་ཡོང་བར་འགན་ལེན་བྱས་པ་རེད། བྱེད་སྒོ་སྤེལ་རིང་ལས་དོན་པས་སློབ་གྲྭ་དང་ཚོང་དུད་སོགས་ཀྱི་གློག་གི་རྒྱ་མ་169ལ་གཅིག་སྡུད་ཞིབ་བཤེར་བྱས་ཏེ་ཚད་དང་མི་མཐུན་པའི་ཡོ་ཆས་ཡོ་བསྲང་བྱས་པ་དང་། རྫོང་གློག་ཤུགས་སྡེ་ཚན་དང་མཉམ་འབྲེལ་བྱས་ནས་སྒོ་རྩིས་ཚོང་ཁང་དང་བཟའ་བཏུང་ཁང་གི་གློག་གི་ཆུ་ཚོད་ལ་ཞིབ་བཤེར་ཚད་འཇལ་བྱས་པ་རེད། ལས་དོན་པས་ད་དུང་མང་ཚོགས་ལ་ཚད་འཇལ་ཡོ་ཆས་སྐོར་གྱི་ཁྲིམས་སྲོལ་ཁྱབ་གདལ་བཏང་ནས་ཁྲོམ་རའི་ཚད་འཇལ་ཡོ་ཆས་ཚད་གཞི་ལོན་ཚད་མཐོ་རུ་བཏང་བ་དང་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་བཟོས་པ་རེད། འདི་ནི་ལས་དོན་པས་སློབ་གྲྭ་དང་ཚོང་དུད་སོགས་ཀྱི་གློག་གི་རྒྱ་མར་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་བཞིན་པ།