ལྷོ་ཁ་རྒྱ་ཚ་རྫོང་གི་སྐབས་འཕྲལ་ཏང་ཀྲི་པུས་འཐབ་ས་མདུན་མར་ཞབས་འདེགས་ཧུར་ཐག་ཞུས་པ།
འདི་ནི་འབའ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཕྲུ་གུ་ཚོར་སློབ་སྦྱོང་ཟུར་ཁྲིད་བྱེད་བཞིན་པ།
འདི་ནི་འབའ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཏང་ཡོན་ལ་ཏང་རྟགས་འདོགས་བཞིན་པ།
དབྱར་རྩྭ་དགུན་འབུ་འཐུ་དུས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་ཉིན་ལྟར་མང་ཚོགས་7000ལྷག་ཙམ་རི་ལ་དབྱར་རྩྭ་དགུན་འབུ་འཐུ་བར་བསྐྱོད་ཀྱི་ཡོད་པས་དེ་གར“སྐོར་སྐྱོད་ཀྱི་གྲོང་ཚོ”ཞིག་ཆགས་ཡོད། རྒྱ་ཚ་རྫོང་འབའ་ཤང་མངགས་གཏོང་ཁང་གིས་དབྱར་རྩྭ་དགུན་འབུ་འཐུ་ཁུལ་གྱི་ཏང་ཡོན་དང་མང་ཚོགས་གཅིག་སྡུད་ཀྱི་གོ་སྐབས་དམ་འཛིན་ཡག་པོ་བྱས་ནས“སྦྲ་གུར་ཀྲི་པུའུ”ཡི་ཏང་འཛུགས་སྐྱོང་གི་བྱེད་སྟངས་གསར་གཏོད་ཀྱིས་དབྱར་རྩྭ་དགུན་འབུ་འཐུ་ཁུལ་དུ་སྐབས་འཕྲལ་ཏང་ཀྲི་པུའུ་བཙུགས་ཏེ། ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དེ་ཐོན་ཁུངས་དོ་དམ་སྲུང་སྐྱོང་དང་། རྩོད་གཞི་འདུམ་འགྲིག སྐྱེ་ཁམས་སྲུང་སྐྱོང་སོགས་དང་མཉམ་འདྲེས་བྱས་ཡོད།