ཏང་ཡོན་གྱིས་མང་ཚོགས་ཀྱི་དགོས་མཁོ་ཆེ་སར་ཞབས་འདེགས་ཞུ་བ།
འདི་ནི་ལྷ་ས་གྲོང་ཁྱེར་རྗེ་འབུམ་སྒང་སྡེ་ཁུལ་དམངས་ཕན་ཞབས་ཞུའི་ཚོམས་ཆེན་གྱི་ལས་དོན་པས་སེམས་རྩ་འཁོལ་པོས་ཁོངས་གཏོགས་ཁུལ་གྱི་གྲོང་མིར་ཞབས་འདེགས་ཞུ་བཞིན་པ།
འདི་ནི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགའ་ལྡན་ཤང་གི་ཏང་ཡོན་ལས་བྱེད་པས་མང་ཚོགས་ལ་ནགས་གསེབ་ཏུ་མེ་སྐྱོན་ཤོར་ཉེན་ཆེ་བའི་ཤིང་ཧྲུག་སོགས་གཙང་སེལ་བྱེད་རོགས་བྱེད་བཞིན་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་གཉིས་ཟུང་འབྲེལ་དམ་ཟབ་བྱས་ནས་མང་ཚོགས་ཀྱི་ལས་དོན་ཆུང་ཙག་ཁྲོད་ནས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་ས་དང་སེམས་ནད་ཆེ་ས་ཐག་གཅོད་ཏན་ཏིག་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་བཏང་ཡོད།