དབུ་ཤོག>པར་མཛོད།
  • ཤེས་དཔལ་ལྡན་པའི་སྡེ་ཁུལ། གཙང་སྦྲ་དོད་པའི་ཁོར་ཡུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-15

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཁྲོམ་གཟིགས་སྒང་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས“ཏང་འཛུགས་སྐྱོང་གིས་མཉམ་ཤུགས་ཆགས་པར་ཁྲིད་སྟོན་དང་ཁྱིམ་གཞིས་གཙང་མར་བརྟེན་ནས་ཤེས་དཔལ་ལ་སྐུལ་འདེད་གཏོང་བའི”ཁོར་ཡུག་བཅོས་སྒྲིག་བྱེད་སྒོ་སྤེལ་བ་རེད། ཏང་ཡོན་དང་བླངས་པ་30ལྷག་ཙམ་དང་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་མི་དང་དེ་བཞིན་དྲ་མིག་པས་ལས་བགོས་མཉམ་ལས་བྱས་ཏེ་གཙང་སྦྲའི་ལག་ཆ་ཁྱེར་ནས་ཁྲོམ་གཞུང་དང་སྲང་ལམ་ཆེ་ཆུང་གང་སར་བསྐྱོད་དེ་ཁུག་ཀྱོག་ཁུལ་གཙང་སེལ་དང་གྱང་ངོས་ཀྱི་བརྡ་ཁྱབ་ཆུང་ངུ་བཀོག་པ་དང་འབྲེལ་ཐང་ཆེན་གཙང་མ་བཟོས་པ་རེད། བྱེད་སྒོའི་རིང“ཏང་འཛུགས་སྐྱོང” གིས“སྐྱེ་ཁམས”ལ་ཁྲིད་སྟོན་བྱས་ནས་གཞི་རིམ་བཅོས་སྐྱོང་དང་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་སྡེ་ཁུལ་གྱི་གྲོང་མིར་གཙང་སྦྲ་དོད་ལ་སྡོད་མལ་ལ་འཚམ་པའི་འཚོ་བའི་ཁོར་ཡུག་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།