ཧྲན་ཏུང་རེ་ཀྲའོ་རུ་ཀྲུང་གོ་དང་དབྱིན་ཇིའི་དགེ་སློབ་སྤེལ་རེས་སྒར་སས་རིག་གནས་མཉམ་འདྲེས་ཡོང་བར་བྱས་པ།
དབྱིན་ཇིའི་ལི་ཙེ་པེ་ཁེ་ཐེ་སློབ་ཆེན་གྲངས་འཛིན་སྨྱན་སྦྱོར་སྒྱུ་རྩལ་ཇུས་འགོད་ཆེད་ལས་ནས་ཡོང་བའི་དགེ་སློབ་དང་ཧྲན་ཏུང་རེ་ཀྲའོ་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་སློབ་ཚོས་མིག་སྔར་ཧྲན་ཏུང་རེ་ཀྲའོ་རུ་ཀྲུང་གོ་དང་དབྱིན་ཇིའི་དགེ་སློབ་སྤེལ་རེས་སྒར་སའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། སློབ་གྲྭ་གཉིས་ཀྱི་དགེ་སློབ་ཀྱིས་མཉམ་དུ་བརྙན་ཐུང་པར་ལེན་དང་རྗེས་མཐུད་ཀྱི་སྒྲིག་བཟོ་ལེགས་སྒྲུབ་བྱ་རྒྱུ་དང་སྦྲགས་དྲག་རྩལ་དང་ཚོས་རྒྱག་སྟངས་སོགས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་རྩལ་ནུས་ལ་མཉམ་དུ་ཉམས་ལེན་ཡང་བྱ་རྒྱུ་རེད། རེ་ཀྲའོ་ལས་རིགས་ལག་རྩལ་སློབ་གླིང་དང་དབྱིན་ཇིའི་ལི་ཙེ་པེ་ཁེ་ཐེ་སློབ་ཆེན་གྱིས་མཉམ་ལས་བྱས་ནས་གཉེར་བའི་གྲངས་འཛིན་སྨྱན་སྦྱོར་གྱི་སྒྱུ་རྩལ་ཇུས་འགོད་ཆེད་ལས་མཐོ་རིམ་ཆེད་ཚན་སློབ་གསོའི་རྣམ་གྲངས་ལ་2024ལོར་ཧྲན་ཏུང་ཞིང་ཆེན་སློབ་གསོ་ཐིང་གི་བཀའ་མཆན་ཐོབ་ནས་ཕྱོགས་གཉིས་པོས་ཀྲུང་གོ་དང་དབྱིན་ཇིའི་དགེ་སློབ་སྤེལ་རེས་སྒར་ས་བརྒྱུད་ཀྲུང་གོ་དང་དབྱིན་ཇིའི་དགེ་སློབ་ཀྱི་རིག་གནས་མཉམ་འདྲེས་དང་མཉམ་དུ་སློབ་སྦྱོང་ཡར་རྒྱས་ཡོང་བར་བྱེད་པའི་སྤེལ་རེས་ལས་སྟེགས་བཏོད་པ་རེད།
འདི་ནི་ཟླ་6ཚེས་10ཉིན། རེ་ཀྲའོ་གྲོང་ཁྱེར་ཝུའུ་ལེན་རྫོང་གི་ཞིབ་སྦྱོང་རྟེན་གཞི་ཞིག་ཏུ་དབྱིན་ཇིའི་ལི་ཙེ་པེ་ཁེ་ཐེ་སློབ་ཆེན་ནས་ཡོང་བའི་སློབ་མས་ཚོས་རྒྱག་སྟངས་ཉམས་ལེན་བྱེད་བཞིན་པ།