ཀན་སུའུ་ལན་ཀྲོའུ་ཁུལ་གསར་གྱི་མེ་ཏོག་རྟེན་གཞི་ཆེན་པོ།
ད་ཕན་ལོ་ཤས་རིང་། ཀན་སུའུ་ལན་ཀྲོའུ་ཁུལ་གསར་གྱིས་ལེགས་ཆར་གཞིགས་ནས་དེང་རབས་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རིག་ནུས་དྲོད་ཁང་གི་མེ་ཏོག་རྟེན་གཞི་ཆེན་པོ་བསྐྲུན་ཡོད། མེ་ཏོག་ཐོན་རྫས་རྒྱལ་ནང་དུ་བྲིན་ཚོང་བྱེད་པ་ཕུད། ད་དུང་ཧན་གོ་དང་རི་པིན་སོགས་རྒྱལ་ཁབ་ཏུ་ཕྱིར་གཏོང་བྱས་ཏེ་ཞིབ་སྤེལ་དང་། འདེབས་གསོ། ཐོན་སྐྱེད། བྲིན་ཚོང་བཅས་དང་དེ་བཞིན་སྤྱི་ཚོགས་ཅན་གྱི་ཞབས་ཞུ་གཅིག་ཏུ་འདུས་པའི་ཁྱད་ལྡན་མེ་ཏོག་ཐོན་ལས་ཀྱི་འཁོར་འབྲེལ་གྲུབ་ཅིང་། འདི་ནི་ཉེ་ཆར་ལན་ཀྲོའུ་ཁུལ་གསར་མེ་ཏོག་ཐོན་ལས་རྟེན་གཞིར་ལས་བཟོ་ཚོས་མེ་ཏོག་འཐུ་བཞིན་པ།