དབུ་ཤོག>པར་མཛོད།
  • གཅེས་སེམས་བཅངས་ནས་དབང་པོ་སྐྱོན་ཅན་ལ་རོགས་རམ་དང་བྱིས་པར་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-12

    འདི་ནི་ལས་དོན་པས་སློབ་མ་ཚོར་ཁ་བསླུས་དང་བརྙས་བཅོས་འགོག་ཐབས་སྐོར་གྱི་ཤེས་བྱ་སློབ་བཞིན་པ།

    འདི་ནི་ལས་དོན་པས་སློབ་མ་ཚོར་འཚོ་བའི་མཁོ་ཆས་དང་སློབ་ཆས་སྤྲོད་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཀྲ་ཤིས་སྒང་ཤང་ནན་ཅིང་རེ་བའི་སློབ་ཆུང་དུ“རང་སྟོབས་རང་འཕེལ་དང་དབང་སྐྱོན་ལ་རོགས་རམ་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། མཐུན་སྒྲིལ་འབད་འབུངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི”བརྗོད་དོན་གཙོ་བོའི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། ལས་དོན་པས་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་ལ་དམིགས་ཏེ་ཁ་བསླུས་དང་བརྙས་བཅོས་འགོག་ཐབས་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པས། སློབ་གྲྭའི་ནང་བརྙས་བཅོས་ལ་ཁ་གཏད་གཅོག་པའི་དགེ་སློབ་ཀྱི་འདུ་ཤེས་ཟབ་ཏུ་དང་འཇོན་ཐང་ཆེ་རུ་ཕྱིན་ནས་བྱིས་པས་རྫུན་མ་དབྱེ་འབྱེད་དང་ཁ་བསླུས་འགོག་པའི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།