དབུ་དཀར་སེམས་པ་ཏང་ལ་ཕྱོགས། ཡིག་རིས་བྲིས་ནས་ངོ་མཚར་གཏོད།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུས་ནས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་གཞིས་རྩེ་གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་དང་མཉམ་དུ་གཙོ་གཉེར་བྱས་པའི“དབུ་དཀར་སེམས་པ་ཏང་ལ་ཕྱོགས། ཡིག་རིས་བྲིས་ནས་ངོ་མཚར་གཏོད”ཅེས་པའི་ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཡིག་རིས་དང་པར་ལེན་བརྩམས་ཆོས་འགྲེམས་སྟོན་ཟླ་6ཚེས་9ཉིན་རང་སྐྱོང་ལྗོངས་ལས་བྱེད་པ་རྒན་གྲས་ཅུས་ཀྱི་བྱེད་སྒོ་ལྟེ་གནས(རྒན་རྒོན་སློབ་ཆེན)སུ་འགོ་ཚུགས་པ་རེད། ད་རེས་ཀྱི་འགྲེམས་སྟོན་ནང་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཀྱིས་གསར་རྩོམ་བྱས་པའི་ཡིག་རིས་དང་པར་ལེན་བརྩམས་ཆོས་100ལྷག་ཙམ་འཚོལ་བསྡུ་བྱས་པ་དང་འགྲེམས་སྟོན་ཟླ་11པའི་བར་བྱ་རྒྱུ་ཡིན་པ་རེད། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།