“སེམས་འབྲེལ་ཟམ་པ”བཙུགས།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཅུས་གྲོང་སྡོད་ལས་དོན་རུ་ཁག་གིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དྲིལ་བསྒྲགས་གཟའ་འཁོར་གོ་སྐབས་སུ་བཟུང་ནས། གྲོང་སྡོད་ལས་དོན་རུ་མི་དང་ཆེད་བསྐོས་ལས་བྱེད་པ་ཚང་མའི་འདྲ་པར་དང་། རུས་མིང་། མངགས་སྡོད་ཚན་པ། འབྲེལ་བ་བྱེད་སྟངས། སྐད་འཕྲིན་རྩ་གཉིས་ཨང་རྟགས་སོགས་ཀྱི་ཆ་འཕྲིན་འཁོད་པའི་དམངས་ཕན་ཞབས་ཞུའི་གཱ་མང་ཚོགས་ལ་སྤྲད་དེ། ལས་བྱེད་པ་དང་མང་ཚོགས་དབར“སེམས་འབྲེལ་ཟམ་པ”བཙུགས་པ་རེད། འདི་ནི་ལྷུན་རྩེ་རྫོང་བྱ་ཡུལ་ཤང་ཕུ་ཡུལ་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་བསྟན་འཛིན་བློ་གྲོས་ཀྱིས་མང་ཚོགས་ལ་དམངས་ཕན་ཞབས་ཞུའི་གཱ་སྤྱོད་སྟངས་སློབ་བཞིན་པ།