གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་བཏང་། མང་ཚོགས་ཕྱུག་འགྱུར་ལམ་དུ་འཁྲིད།
ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གིས་ས་གནས་དེ་གའི་ལེགས་ཆའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ཐོན་ལས་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ལ་འབབ་འཕར་གཏོད་རྒྱུ་གཙོ་རྐང་དུ་བྱས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཐོན་སྐྱེད་རྣམ་པ་དང་། ཕྱིར་ཚོང་མཉམ་ལས་རྣམ་པ། ཞབས་ཞུའི་རྣམ་པ་བཅས་ཀྱི་ཞིང་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་གཏོད་རྒྱུར་ལྕག་སྐུལ་ཧུར་ཐག་བཏང་ནས། གྲོང་གསེབ་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
འདི་ནི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་ཅུས་ཧྲེང་ཡོན་ཞིང་ཞོར་ཐོན་རྫས་བཟའ་བཅའ་ལས་སྣོན་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་དོན་པས་ཐོན་སྐྱེད་སྒྲིག་ཆས་སྤྱོད་བཞིན་པ།