རང་སྐྱོང་ལྗོངས་ཀྱི་ཐད་གཏོགས་ལས་ཁུངས་ཀྱིས་2025ལོའི“བདུན་གཅིག་བསུས་ནས་ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ་བ་དང་། ཐུན་མོང་ཐོག་འབད་བརྩོན་བྱེད་པའི”གླུ་གཞས་འགྲན་བསྡུར་བྱས་པ།
ཉེ་ཆར་རང་སྐྱོང་ལྗོངས་ཀྱི་ཐད་གཏོགས་ལས་ཁུངས་ཀྱིས་2025ལོའི“བདུན་གཅིག་བསུས་ནས་ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ་བ་དང་། ཐུན་མོང་ཐོག་འབད་བརྩོན་བྱེད་པའི”གླུ་གཞས་འགྲན་བསྡུར་བྱས་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བར་རྟེན་འབྲེལ་ཞུ་བ་དང་། གསར་བརྗེའི་རིག་གནས་རྒྱུན་འཛིན། ཏང་གི་གྲུབ་འབྲས་རླབས་པོ་ཆེར་བསྟོད་གླུ་འབུལ་བ་བཅས་བྱ་ཆེད་རེད།
འགྲན་བསྡུར་བྱ་ཡུལ་དུ་འགྲན་ཞུགས་རུ་ཁག་ཁག་གིས《འབྲོག་གླུ་བླངས་ནས་ཏང་ལ་འབུལ》དང《དུས་རབས་གསར་པར་མཇལ་དར་བསྒྲོན》སོགས་ཀྱི་གླུ་གཞས་བཏང་ནས། ཏང་ལ་བརྩི་བཀུར་དང་དགའ་ཞེན་ཚད་མེད་ཀྱི་བསམ་པ་མཚོན་པར་མ་ཟད། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་བསམ་པའི་ཉམས་འགྱུར་བཟང་པོ་ཡང་མངོན་ཞིང་། འདི་ནི་ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱི་འཐུས་མིའི་རུ་ཁག་གིས་འགྲན་བསྡུར་བྱེད་བཞིན་པ།