ལྷོ་ནུབ་མཐའ་མཚམས་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་ནས་ཀྲུང་གོའི་དབུལ་སྒྲོལ་གྲུབ་འབྲས་མངོན་པ།
འདི་ནི་ཉེ་ཆར་ཇ་འདེབས་ཞིང་པས་ཡུན་ནན་ཞིང་ཆེན་མཱ་ལི་ཕུའོ་རྫོང་མེང་ཏུང་ཤང་གི་ཇ་ཞིང་ནང་ཇ་ལོ་འཐོག་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ)
ཉེ་ཆར། རྒྱལ་ཁབ་མང་པོའི་སྨྱན་སྦྱོར་གྱི་གསར་འགོད་པ་ལས་གྲུབ་པའི་གསར་འགོད་པའི་ཚོགས་པ་ཀྲུང་གོའི་ཡུན་ནན་ཞིང་ཆེན་མཱ་ལི་ཕུའོ་རྫོང་དུ་བསྐྱོད་དེ། ཀྲུང་གོའི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་བཏང་བའི་ཁ་གཏད་རོགས་སྐྱོར་གྱི་ཉམས་མྱོང་སྐོར་འཅར་འདྲི་བྱས་པ་རེད། མཱ་ལི་ཕུའོ་ནི་ཀྲུང་གོའི་དབུལ་སྐྱོར་ལས་དོན་གྱི་དཔེ་མཚོན་ཞིག་རེད། ན་ནིང་ས་གནས་དེ་གའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཨ་སྒོར་2300ཟིན་པ་དང་1992ལོར་ཨ་སྒོར་69ཡིན་པ་རེད། ཀྲུང་གོའི་དབུལ་པོ་དབུལ་རྐྱང་མེད་པར་བཟོ་བའི་དམིགས་ཚད་2020ལོར་མངོན་འགྱུར་བྱུང་ཡོད། ཀྲུང་གོ་སྲིད་གཞུང་གིས་དབུལ་སྐྱོར་ཐད་མ་དངུལ་འབོར་ཆེན་བཏང་བ་དང་། ཀྲུང་གོའི་དབུལ་སྒྲོལ་ཉམས་མྱོང་གིས་དེ་འདྲ་བའི་འགྲན་སློང་འཕྲད་མཁན་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ལ་དཔྱད་གཞི་མཁོ་འདོན་བྱེད་ཐུབ།
སྤྱི་ཁྱབ་པུའུ་ཀྲུང་གོའི་ཤང་ཀང་དུ་བཙུགས་པའི་ཁེ་ལས་ཤིག་གི་འགན་འཁུར་བས། ངའི་ཀུང་སིས་མཱ་ལི་ཕུའོ་རུ་དེང་རབས་ཅན་གྱི་ཇ་བཟོ་གྲྭ་མ་འཇོག་བྱས་ནས་འཛུགས་དོན་གཙོ་བོ་ནི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བ་དང་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པས་ཡིན་ལ། ད་དུང་མཱ་ལི་ཕུའོ་ཡི་གནའ་བོའི་ཇ་སྡོང་གི་སྤུས་རྟགས་ཀྱི་གཏིང་ཤུགས་ཆེ་བས་ཀྱང་ཡིན་ཞེས་བཤད། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁེ་ལས་དེས་ཐད་ཀར་མི་100ལྷག་ཙམ་གླས་པ་མ་ཟད། ཐོན་ལས་གོང་འོག་གི་མི་ཁྲི་1ཙམ་ལ་ལས་ཞུགས་གོ་སྐབས་ཀྱང་བཏོད་ཡོད་པ་རེད།
—— ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཀུང་སིའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།