དབུ་ཤོག>པར་མཛོད།>པར་མཁན།
  • གཟི་ཚ་སྡེ་དགུར་ཡུལ་སྐོར་ཉམས་ལེན་བྱེད་མཁན་མང་དུ་ཕྱིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-08

    འདི་ནི་ཉེ་ཆར་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་གཟི་ཚ་སྡེ་དགུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཡུལ་སྐོར་བས་ལྟ་སྐོར་བྱེད་བཞིན་པ།

    གཟི་ཚ་སྡེ་དགུ་ནི་ཀྲུང་གོའི་སི་ཁྲོན་ཞིང་ཆེན་གྱི་ཡིད་དབང་འཕྲོག་པའི་གནས་མཆོག་ཞིག་ཡིན་ཞིང་། 1992ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་གི་རང་བྱུང་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་རེད། དུས་རབས་20པའི་ལོ་རབས་90པར་རླངས་འཁོར་ལ་བསྡད་ནས་སི་ཁྲོན་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཁྲེང་ཏུའུ་ནས་གཟི་ཚ་སྡེ་དགུར་བསྐྱོད་པར་ཆུ་ཚོད་18འགོར་གྱི་ཡོད། ད་ཆ་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་ལས་ཆུ་ཚོད་9ཙམ་ལས་འགོར་གྱི་མེད། 2024ལོའི་ཟླ་8པར་ཁྲེང་ཏུའུ་ཤར་བབས་ཚུགས་ནས་ཧོང་ལུང་གཟི་ཚ་སྡེ་དགུའི་མྱུར་བགྲོད་མེ་འཁོར་བབས་ཚུགས་བར་གྱི་མྱུར་བགྲོད་མེ་འཁོར་ཤར་གཏོང་ཐུབ་པ་ལས་ལམ་ཐག་ཆུ་ཚོད་གཅིག་ལྷག་ཙམ་ཐུང་དུ་ཕྱིན་ཡོད། ད་ཆ་མྱུར་བགྲོད་མེ་འཁོར་བབས་ཚུགས་ནས་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་བར་ཆུ་ཚོད་གཉིས་ཙམ་ལས་འགོར་གྱི་མེད་པས་ལམ་ཐིག་གསར་པས་ཡུལ་སྐོར་གྱི་ཚ་རླབས་འཕྱུར་ཡོད།

    རྒྱལ་སྤྱིའི་ཡུལ་སྐོར་བ་སྔར་བས་མང་པོས་དེ་གའི་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་དང་བོད་རིགས་ཀྱི་རིག་གནས་ཉམས་ལེན་འཚོལ་ཞིབ་བྱེད་འགོ་བརྩམས་ཡོད། གཟི་ཚ་སྡེ་དགུའི་འགྲིམ་འགྲུལ་དེ་བས་སྟབས་བདེ་རུ་ཕྱིན་པ་དང་བསྟུན་ནས་དེ་གར་ཡུལ་སྐོར་ཉམས་ལེན་བྱེད་མཁན་ཡང་ཟམ་མི་ཆད་པར་མང་དུ་ཕྱིན་ཡོད། མཛེས་པའི་རི་མོ་ལྟ་བུའི་མཚེའུ་དང་རྦབ་ཆུ་ཕུད། གྲངས་ཉུང་མི་རིགས་དང་འབྲེལ་བའི་གཏམ་རྒྱུད་དང་། གོམས་སྲོལ། མཛད་སྒོ་བཅས་ཀྱང་ཡོད། གཟི་ཚ་སྡེ་དགུར་སླེབས་ཚེ་ངེས་པར་དུ་ཉམས་ལེན་བྱེད་དགོས་པ་ལྔ་ཡོད་པ་ནི་རང་བྱུང་གི་ངོ་མཚར་ཆེ་བའི་ཡུལ་ལྗོངས་ཉམས་ལེན་དང་། བོད་ཁྱིམ་དུ་སྐྱོད་པ། གྲངས་ཉུང་མི་རིགས་ཀྱི་གྱོན་ཆས་གྱོན་ནས་པར་རྒྱག་པ། ཁྲོན་བོད་ཞིམ་ཟས་ཀྱི་བྲོ་བ་མྱོང་བ། རིག་གནས་ཀྱི་རྩ་རྒྱུན་ཉམས་སུ་ལེན་པ་བཅས་རེད།

    —— སིང་ཀ་ཕོར་གྱི《མཚོ་འགག་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།