རྒན་རྒོན་ཟ་ཁང་གི་སྤྲོ་སྣང་ཆེ་རུ་ཕྱིན་པ།
འདི་ནི་རྒན་རྒོན་ཞིག་གིས་གྲི་གུ་སྡེ་ཁུལ་ཟ་ཁང་ནས་ཁ་ལག་ལེན་བཞིན་པ།
ད་ལོ་ནས་བཟུང་། མཚོ་སྨད་རྫོང་གིས་བྱ་ཐབས་སྣ་མང་སྤྱད་ནས་མ་དངུལ་གྲབས་གསོག་བྱས་པའི་ཁར་ཆེད་ལས་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་གདན་དྲངས་ཏེ་ཚད་ལྡན་ཅན་གྱི་གཉེར་སྐྱོང་བྱས་ནས་རྒན་རྒོན་ཚོགས་སྤྱིར་བཟའ་བཏུང་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ཚད་ལྡན་ཅན་དང་། བཟའ་བཏུང་སྤུས་དག་ཅན་ཡོང་བར་སྐུལ་འདེད་བཏང་སྟེ་བཟའ་བཏུང་ཞབས་ཞུ་སྔར་བས་སྟབས་བདེ་དང་། གོང་ཁེ་བ། དངོས་ཕན་བཅས་ཡོང་བར་བྱས་པ་མ་ཟད། “སྲིད་གཞུང་གིས་ཁ་གསབ་དང་། ཁེ་ལས་ཀྱིས་ཁེ་སྤོགས་སྤྲོད་པ། མི་སྒེར་གྱིས་མ་དངུལ་འདོན་པའི”རྩ་དོན་ལྟར་ལོ་60ཡན་གྱི་རྒན་རྒོན་གྱིས་ཁ་ལག་བཟས་ཚེ་མི་རེར་ཁ་ལག་བཟའ་ཐེངས་རེར་སྒོར་3ཁ་གསབ་སྤྲོད་ཀྱི་ཡོད་པ་རེད།
གྲི་གུ་སྡེ་ཁུལ་རྒན་རྒོན་ཟ་ཁང་ཞིག་གི་འགན་འཁུར་བས། གསོལ་ལྕོག་ཆུང་ཡང་དམངས་འཚོའི་བརྩེ་སེམས་ཟབ་པས། ཀུན་གྱིས་དཔེ་བལྟ་ས་དང་ཁྱབ་གདལ་གཏོང་རིང་ཡོད་པའི་ཉམས་མྱོང་ཞིག་ཆགས་ཏེ་རྒན་རྒོན་མང་ཚོགས་ཀྱི་སྤྲོ་སྣང་ཆེ་རུ་ཏན་ཏིག་ཕྱིན་ཡོད་ཅེས་བཤད།