དབུ་ཤོག>པར་མཛོད།
  • རྒྱལ་ཁབ་གློག་དྲ་རྫ་ཡུལ་རྫོང་གློག་གཏོང་ཀུང་སིས་རྩལ་ནུས་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-06

    འདི་ནི་རྫ་ཡུལ་རྫོང་གློག་གཏོང་ཀུང་སིའི་ལས་དོན་པས་ས་གནས་ས་ཐོག་ཏུ་སྒྲིག་ཆས་སྒྲིག་སྦྱོར་ལ་མཛུབ་ཁྲིད་བྱེད་བཞིན་པ།

    ཉེ་ཆར་རྒྱལ་ཁབ་གློག་དྲ་རྫ་ཡུལ་རྫོང་གློག་གཏོང་ཀུང་སིས“རིགས་པའི་གཞུང་ལུགས་དང་། དངོས་སུ་བཀོལ་སྤྱོད། ཡུལ་དངོས་བཅས་ཟུང་འབྲེལ”གྱི་ཐབས་ལ་བརྟེན་ནས་གསར་དུ་ཞུགས་པའི་སློབ་གྲྭ་ཆེ་མོ་བ་དང་ལོ་ན་ཆེ་བའི་དྲ་མིག་པ་སོགས་ལ་དྲ་མིག་ལས་སྒོའི“ཡིག་རྨོངས་སེལ་བའི”བྱེད་སྒོ་གཅིག་སྡུད་ཐོག་སྤེལ་བ་དང་སྦྲགས་གློག་གི་ཆུ་ཚོད་སྒྲིག་སྦྱོར་དང་གློག་སྐུད་མཐུད་རྩལ་གྱི་གསོ་སྦྱོང་བྱས་པ་རེད།

    གསོ་སྦྱོང་གི་ནང་དོན་གཙོ་བོ་ཕོ་གློག་དང་སྐུད་གསུམ་གློག་གི་ཆུ་ཚོད་སྒྲིག་སྦྱོར་བྱ་རྒྱུ་ཡིན་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་ཚན་ཁག་ཚོགས་ཆུང་གི་འགན་འཁུར་བས་གློག་གི་ཆུ་ཚོད་ཀྱི་རྩིས་རྒྱག་གི་ལས་ཀའི་རྩ་བའི་རིགས་པ་དང་གློག་སྐུད་གདམ་གསེས་སོགས་ཀྱི་ནང་དོན་འགྲེལ་བཤད་བརྒྱབ་པ་རེད། དེ་དང་ཆབས་ཅིག་གློག་སྐུད་ཁྲིད་རིང་གི་ཉེན་ཁ་ཆེ་བའི་གནས་དང་དོ་སྣང་བྱེད་དགོས་རིགས་སོགས་ཁྱབ་གདལ་བཏང་བ་རེད།

    འབྲེལ་ཡོད་འགན་འཁུར་བས་ད་ཐེངས་གསོ་སྦྱོང་བྱས་པ་དེས་དྲ་མིག་པའི་གློག་གི་ཆུ་ཚོད་སྒྲིག་སྦྱོར་དང་གློག་སྐུད་མཐུད་པའི་རྩལ་ནུས་དང་དེ་བཞིན་ས་གནས་ས་ཐོག་གི་གནད་དོན་ཐག་གཅོད་བྱེད་པའི་ཕྱོགས་བསྡུས་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་པ་དང་། རྩལ་ནུས་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་བསྐྲུན་པས། པན་དང་ཚོགས་ཆུང་གི་འཐབ་ས་དང་པོའི་ལས་མིའི་འཇོན་ཐང་སྦྱོང་བརྡར་བྱས་ནས་སྤྱོད་མཁན་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་དང་ནུས་པ་སྔར་བས་ཆེ་རུ་གཏོང་བར་ཕན་ཐོགས་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།