དབུ་ཤོག>པར་མཛོད།
  • མཉམ་ཤུགས་གཅིག་ཏུ་སྒྲིལ། སེམས་མཐུན་འགོག་རགས་སྐྲུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-06

    འདི་ནི་མཉམ་སྐྲུན་བྱེད་སྒོའི་མཉམ་པར་ཡིན་པ།

    འདི་ནི་བོད་ལྗོངས་འཕགས་ནོར་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་འཐུས་མིས་མི་དམངས་ཉེན་རྟོག་པར་སྨན་གཏོང་སྟངས་གསལ་བཤད་རྒྱག་བཞིན་པ།

    ཉེ་ཆར། བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིཌ་ཀྱི་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་གིས་བོད་ལྗོངས་འཕགས་ནོར་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་དང་མཉམ་དུ་ཉེན་རྟོག་དང་ཁེ་ལས་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་ཞིང་། གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་ཁྲིམས་སྒྱུར་བརྟག་དཔྱད་རུ་ཁག་གསུམ་པར་བསྐྱོད་དེ། མཐའ་མཚམས་ཀྱི་འཐབ་ས་དང་པོར་ཡུན་རིང་བརྟན་སྲུང་བྱེད་བཞིན་པའི་མཐའ་སྲུང་ཉེན་རྟོག་པར་སྨན་དང་འཚོ་བཅུད་ཁུག་མ་སོཌ་རིན་ཐང་སྒོར་ཁྲི་2.5རི་བའི་དངོས་ཟོག་སྤྲད་པ་རེད།

    མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་ཁྲིམས་སྒྱུར་བརྟག་དཔྱད་རུ་ཁག་གསུམ་པའི་སློབ་སྟོན་པ་ཞུས་གོ་ཅུན་གྱིས། ད་རེས་དངོས་ཟོག་རོགས་སྐྱོར་དང་། བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས། བཅའ་ཁྲིམས་རོགས་སྐྱོར་སོགས་ཀྱི་བྱེད་སྒོ་བརྒྱུད། མཐའ་མཚམས་བརྟན་སྲུང་དང་དམངས་འཚོ་ཞབས་ཞུ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་མཐའ་མཚམས་ས་ཁུལ་གྱི་ཕྱོཌ་བསྡུས་བཅོས་སྐྱོང་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་གི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།