ཉེན་རྟོག་པས་མང་ཚོགས་ལ་དཔལ་འབྱོར་ཉེས་གསོག་འགོག་ཟོན་གྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།
རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་གྱི་དྲིལ་བསྒྲགས་ཉིན་མོ་ཨང་16པར་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གཅིག་སྡུད་འགོག་ཟོན་གྱི་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས། དམངས་ཡོངས་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་ནང་ཞུགས་པའི་རྣམ་པ་ཟབ་མོ་བཏོད་ཡོད། བྱེད་སྒོ་སྤེལ་རིང་། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དྲིལ་བསྒྲགས་ས་ཚིགས་ཁག་75བཀོད་སྒྲིག་བྱས་པ་དང་། དྲིལ་བསྒྲགས་འགོག་ཟོན་གྱི་དཔྱད་ཡིག་ཤོག་ལྷེ་ཁྲི་8.5ལྷག་ཙམ་སྤྲད་པ། དྲིལ་བསྒྲགས་དངོས་རྫས་ཁྲི་6.7ལྷག་ཙམ་སྤྲད་པ་རེད།
འདི་ནི་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་དཔལ་འབྱོར་ཉེས་གསོག་འགོག་ཟོན་གྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།