པར་རིས་གསར་འགྱུར།
ཉེ་བའི་ལོ་ཤས་རིང་། ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས་ཐོག་མཐའ་བར་གསུམ་དུ་དངུལ་རྩའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་མཐའ་འཁྱོངས་ཀྱིས་དངོས་ཚན་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་དོན་འཁྱོལ་ཧུར་ཐག་བྱས་ཏེ། རང་རྟོགས་ངང་ཀུན་ཕན་དངུལ་རྩའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས་དངུལ་རྩའི་མཁོ་སྤྲོད་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། ཀུན་ཕན་དངུལ་རྩ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཕྲན་ཚེགས་དངུལ་རྩའི་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཡོད། 2025ལོའི་དུས་ཚིགས་དང་པོའི་བར། ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གི་ཀུན་ཕན་རྣམ་པའི་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་30ལས་བརྒལ་ཏེ་དངུལ་བུན་གཡར་མཁན་ཚོང་དུད་8000ལྷག་ཙམ་ཟིན་ཡོད། འདི་ནི་ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གི་ལས་དོན་པས་ཁེ་ལས་སུ་བསྐྱོད་དེ་དངུལ་རྩའི་དགོས་མཁོ་ཤེས་རྟོགས་བྱེད་བཞིན་པ།