དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཚ་འགོག་དྲོད་སྲུང་གི་ནུས་མང་སྒེའུ་ཁུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-01

    2024ལོ་ཚུན་དུ་སྣ་དཀར་རྩེ་རྫོང་གིས་རྫོང་ཡོངས་ཀྱི་མང་ཚོགས་ཀྱི་ཁང་པའི་སྒེའུ་ཁུང་རྙིང་པ་རྣམས་ནུས་མང་སྒེའུ་ཁུང་ལ་བརྗེས་ཡོད། ཁང་པའི་སྒེའུ་ཁུང་གི་ཆེ་ཆུང་དང་གྲངས་འབོར་གཅིག་མཚུངས་མིན་པ་དང་གྲོང་ཚོ་རིམ་པའི་ནོར་ཤུགས་ལ་ཚད་བཀག་ཡོད་པ་སོགས་ཀྱི་དབང་གིས། སྣ་དཀར་རྩེ་རྫོང་གིས་དུད་ཚང་རེར་ཁ་གསབ་སྒོར་2000སྤྲོད་པ་དང་། གྲོང་སྡོད་མངགས་གཏོང་ཚན་པ་དང་གྲོང་ཚོ་རིམ་པས་ནོར་སྲིད་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་རྒྱབ་སྐྱོར་བྱེད་པ། དེ་བྱིངས་རྣམས་མང་ཚོགས་ཀྱིས་འདོན་པ་བཅས་ཀྱི་ཐབས་ལ་བརྟེན་ནས་སྒྱུར་བཀོད་ལས་གྲྭ་ལག་ལེན་བསྟར་ཡོད། ད་བར་རྫོང་ནོར་སྲིད་ཀྱིས་སྔ་རྗེས་སུ་སྒོར་ཁྲི་1000ཐག་གཅོད་དང་། གྲོང་སྡོད་མངགས་གཏོང་ཚན་པས་སྒོར་ཁྲི་203.2ཐག་གཅོད། གྲོང་ཚོ་མཉམ་སྡེབ་ཀྱིས་སྒོར་ཁྲི་123.3འདོན་པ། མང་ཚོགས་ནས་སྒོར་ཁྲི་342.7རང་གྲབས། ཐབས་ལམ་གཞན་དག་ནས་སྒོར་ཁྲི་19.5འདོན་པ་བཅས་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་དུད་ཚང་2200ལྷག་ཙམ་སྒྱུར་བཀོད་བྱས་ཟིན་པ་དང་སྒྱུར་བཀོད་བྱས་ཚད་84.8%ཟིན་ཡོད། 2025ལོར་རྫོང་ཡོངས་ནས་དུད་ཚང་1677ལ་ནུས་མང་སྒེའུ་ཁུང་བརྗེ་རྩིས་ཡོད་པ་རེད། འདི་ནི་སྣ་དཀར་རྩེ་རྫོང་ལྷུན་པོ་ཞོལ་ཤང་དྲེལ་བཏགས་ཁ་གྲོང་ཚོའི་མང་ཚོགས་ཀྱིས་སྒྱུར་བཀོད་ཟིན་པའི་ཚ་འགོག་དྲོད་སྲུང་གི་ནུས་མང་སྒེའུ་ཁུང་སྟོན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།