སོ་ནམ་དུས་ཚོད་དམ་འཛིན་གྱིས། ཕྱུག་འགྱུར་འབྲས་བུ་སྐྱེད་སྲིང་བྱས།
ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་མི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་སེའུ་འདེབས་འཛུགས་རྟེན་གཞིའི་སེའུ་སྡོང་ལ་མེ་ཏོག་རབ་ཏུ་བཞད་ཅིང་། ཐོན་ལས་གླིང་དུ་ཚང་མས་མེ་ཏོག་རབ་ཏུ་བཞད་པའི་སོ་ནམ་དུས་ཚོད་དམ་འཛིན་གྱིས་མི་ཐབས་ཀྱི་ཟེའུ་འབྲུ་སྡེབ་སྦྱོར་ལས་ལ་བྲེལ་བཞིན་ཡོད། རྟེན་གཞིའི་ལག་རྩལ་པས་ངོ་སྤྲོད་བྱས་པར་གཞིགས་ན། མི་ཐབས་ཀྱི་ཟེའུ་འབྲུ་སྡེབ་སྦྱོར་བྱས་ཚེ། སེའུ་སྡོང་ལ་འབྲས་བུ་འདོགས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་ཐུབ་པས་ཐོན་འབབ་འགན་ལེན་བྱེད་པར་གལ་འགངས་ཆེན་པོ་ལྡན་ཡོད། སེའུ་སྨིན་རྗེས་ས་གནས་དེ་གའི་འདེབས་འཛུགས་དུད་ཚང་ལ་དཔལ་འབྱོར་ཡོང་འབབ་མང་པོ་ཡོང་རྒྱུ་རེད། འདི་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་མི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་སེའུ་འདེབས་འཛུགས་རྟེན་གཞིར་ལས་བཟོས་ཟེའུ་འབྲུ་སྡེབ་སྦྱོར་བྱེད་བཞིན་པ།