དམངས་སྤྱོད་མཁའ་འགྲུལ་གྱི་ཚན་སློབ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་སྐབས་གསུམ་པ་འགོ་ཚུགས་པ།
འདི་ནི་ཟླ་5ཚེས་26ཉིན། ལྟ་སྐོར་བ་ཚོས་དམངས་སྤྱོད་མཁའ་འགྲུལ་ཚན་སློབ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་སྐབས་གསུམ་པའི་ཀྲུང་གོ་ཧྲང་ཧྥེའི་འགྲེམས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།
འདི་ནི་ཟླ་5ཚེས་26ཉིན། ལྟ་སྐོར་བ་ཚོས་དམངས་སྤྱོད་མཁའ་འགྲུལ་ཚན་སློབ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་སྐབས་གསུམ་པའི་ཐོག་བསྟན་པའི“ཆུའེ་ཧྥེ”མི་མེད་གནམ་གྲུའི་མི་བཞུགས་འཕུར་སྐྱོད་ཡོ་ཆས་ལ་ལྟ་བཞིན་པ།
ཟླ་5ཚེས་26ཉིན། “གསར་གཏོད་སྣེ་ཁྲིད། རིག་ལྡན་འཛམ་གླིང”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པའི་དམངས་སྤྱོད་མཁའ་འགྲུལ་གྱི་ཚན་སློབ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་སྐབས་གསུམ་པ་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་གཉེར་འགོ་ཚུགས་ཡོད། འགྲེམས་སྟོན་ནང་ཁྱོན་སྨི་ངོས་གྲུ་ཁྲི་2.2དང་འགྲེམས་ཞུགས་ཚན་པ་100ལྷག་ཙམ་ལས་གྲུབ་པའི་ཁྱད་ལྡན་འགྲེམས་ཁུལ་ཆེན་པོ་བདུན་བཀོད་སྒྲིག་བྱས་ཏེ། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ཁྱབ་ཁོངས་ཆེན་པོ་གསུམ་ལ་དམིགས་ནས་རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱི་རང་བརྟེན་གསར་གཏོད་ལག་རྩལ་དང་། རང་རྒྱལ་ནས་ཐོན་པའི་དམངས་སྤྱོད་གནམ་གྲུ་དང་མི་མེད་གནམ་གྲུ་སོགས་སྔོན་ཐོན་བཟོ་སྐྲུན་ལག་རྩལ་གྱི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་ཡོད་པ་རེད།