ཀན་སུའུ་ཐུང་ཝེས།
ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱས་ཏེ་ཐན་འགོག་ལས་དོན་ཡག་པོ་བསྒྲུབས་པ།
ཉིན་ཤས་རིང་གནམ་གཤིས་ཚ་དྲོད་ཅུང་ཆེ་བ་དང་ཆར་ཆུ་ཉུང་བ་སོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཀན་སུའུ་ཞིང་ཆེན་ཏིང་ཞི་གྲོང་ཁྱེར་ཐུང་ཝེ་རྫོང་དུ་ཐན་པ་བསྟན་ཡོད། ཐན་སྐྱོན་བྱུང་ཚུན། ཐུང་ཝེ་རྫོང་གིས་ཐན་འགོག་དང་གནོད་འཚེ་ཉུང་གཏོང་གི་ལས་དོན་སྤེལ་ནས་དུས་ཐོག་ཏུ་ཆུ་ཁུངས་ལེགས་སུ་གཏོང་བ་དང་ཚན་རིག་དང་མཐུན་པའི་ཆུ་འདྲེན་བཀོད་སྒྲིག་བྱས་ཏེ་ཞིང་ལས་ཀྱི་ཆུ་འདྲེན་དགོས་མཁོ་འགན་ལེན་བྱས་ཡོད། འདི་ནི་ཀན་སུའུ་ཞིང་ཆེན་ཏིང་ཤིས་གྲོང་ཁྱེར་ཐུང་ཝེ་རྫོང་སི་ཙི་ཁྲོན་ཤང་དུ་ཞིང་པས་ཆུ་འཐེན་འཕྲུལ་ཆས་ལ་ཞིབ་བཤེར་བྱས་ནས་ཞིང་ཆུ་གཏོང་རྩིས་བྱེད་བཞིན་པ།