དབུ་ཤོག>པར་མཛོད།>པར་མཁན།
  • ཧུའུ་ཧོ་ཧའོ་ཐེས་བྱེད་སྒོ་སྣ་ཚོགས་སྤེལ་ནས་རྩྭ་ཐང་གི་ཚན་རིག་ཁྱབ་གདལ་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-26

    ཟླ་5ཚེས་24ཉིན་ནང་སོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཕུའུ་མོ་ཐེ་ཙོ་ཆི་ཧྲར་ཤིན་གྲོང་རྡལ་དུ་ཡོད་པའི་ཀྲུང་གོ་ཞིང་ལས་ཚན་རིག་ཁང་རྩྭ་ཐང་ཞིབ་འཇུག་ཁང་ཧྲར་ཤིན་ཞིང་འབྲོག་མཉམ་འདྲེས་ཁུལ་ཚོད་ལྟའི་དཔེ་སྟོན་རྟེན་གཞིར་ཞིང་ལས་ཚན་རྩལ་སྒོ་དབྱེའི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་བར་སློབ་ཆུང་སློབ་མ་དང་ཁྱིམ་བདག་200ཙམ་ཞུགས་ཡོད། བྱེད་སྒོའི་ནང་ཕྲུ་གུ་ཚོས་ནང་སོག་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཤེས་རྟོགས་དང་རྩྭ་ཐང་རྟེན་མཛོད་ཁང་སོགས་འགྲེམས་ཁུལ་དུ་ལྟ་སྐོར་བྱས་ཏེ་རྩྭ་ཐང་སྐྱེ་ཁམས་ཀྱི་ཤེས་བྱ་སློབ་སྦྱོང་གིས་དེང་རབས་ཞིང་ལས་ཚན་རྩལ་གྱི་ཉམས་འགྱུར་རྟོགས་པར་བྱས་ཡོད། འདི་ནི་ནང་སོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཕུའུ་མོ་ཐེ་ཙོ་ཆི་ཧྲར་ཤིན་གྲོང་རྡལ་དུ་སློབ་ཆུང་སློབ་མ་ཚོས་ཀྲུང་གོ་ཞིང་ལས་ཚན་རིག་ཁང་རྩྭ་ཐང་ཞིབ་འཇུག་ཁང་གི་རྩྭ་ཐང་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།