ཕ་མ་བུ་ཕྲུག་གི་ཁྱིམ་ཚང་ཉིན་མོར། ཡུལ་སྲོལ་གོམས་གཤིས་ལ་སྤྲོ་བས་རོལ།
ཟླ་5ཚེས་24ཉིན། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ལས་གྲྭ་ཚོགས་པ་ཚད་ཡོད་ཀུང་སིའི་ཆིང་ཏའོ་ཧྲང་ཧོ་ཐོག་བརྩེགས་ཁང་ཆེན་རྣམ་གྲངས་པུས“བྱིས་པའི་སེམས་དང་ཉེ་བཅར་གྱིས། ལྔ་པའི་ཚེས་ལྔའི་དུས་ཆེན་མཉམ་དུ་གཏོང་བའི”ཕ་མ་བུ་ཕྲུག་གི་ཁྱིམ་ཚང་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོར་ལས་བཟོའི་ནང་མི་དང་བུ་ཕྲུག་གདན་དྲངས་ནས་མཉམ་དུ་ལོ་སྒྲིལ་འབྲས་ཆན་དང་འབྲུག་གྲུ་བཟོ་བ་དང་། མཉམ་འགུལ་གྱི་སྤྲོ་འཕེལ་རོལ་རྩེད་བྱེད་སྒོ་སྤེལ་བ་སོགས་བརྒྱུད་ཀྲུང་ཧྭའི་སྲོལ་རྒྱུན་ཡུལ་སྲོལ་གོམས་གཤིས་ཤེས་རྟོགས་བྱས་ནས། ཕ་མ་བུ་ཕྲུག་གི་འབྲེལ་བ་ཟབ་ཏུ་བཏང་བ་རེད། འདི་ནི་མི་རྣམས་ཕ་མ་བུ་ཕྲུག་གི་སྤྲོ་འཕེལ་རོལ་རྩེད་བྱེད་སྒོར་ཞུགས་བཞིན་པ།