དབུ་ཤོག>པར་མཛོད།>པར་མཁན།
  • “ཀྲུང་གོའི་གནམ་མིག”ནས་མཐོང་དཀོན་པའི་རྩ་འཕར་སྐར་མ་སྒྲིབ་པའི་གནས་ཚུལ་ཤེས་རྟོགས་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-26

    ཀྲུང་གོའི་ཚན་རིག་མཁས་ཅན་གྱིས“ཀྲུང་གོའི་གནམ་མིག”སྤྱད་དེ་དགུ་ཚིགས་སྐར་རྒྱུད་ནས་ཧའོ་སྐར་ཆ་PSRJ1928+1815ཟིན་པའི་རྩ་འཕར་སྐར་མ་ཞིག་ཤེས་རྟོགས་ཐུབ་པ་དེའི་དུས་ཚོད་དྲུག་ཆ་གཅིག་འགྲོགས་སྐར་གྱིས་བསྒྲིབས་པ་མ་ཟད། འགྲོགས་སྐར་གྱི་ཆེ་ཆུང་ནམ་རྒྱུན་སྒྲིབ་པའི་རྩ་འཕར་སྐར་མའི་འགྲོགས་སྐར་ལས་ཆེ་བ་ཡོད། རྩ་འཕར་སྐར་མ་སྒྲིབ་པའི་གནས་ཚུལ་དེ་རིགས་མཐོང་ཧ་ཅང་དཀོན་པོ་ཡོད་པས། བརྟན་སྐར་རིམ་འགྱུར་དང་། ཚགས་དམ་སྐར་མ་རྡུལ་བརྩེགས། སྐར་གཉིས་མཉམ་འདྲེས་འཐེན་ཤུགས་རླབས་ཁུངས་སོགས་ཀྱི་ཞིབ་འཇུག་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ད་ཐེངས་ཤེས་རྟོགས་ཐུབ་པ་དེ་ནི་ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་གནམ་དཔྱད་ལས་ཁུངས་ཀྱི་ཞིབ་འཇུག་པ་ཧན་ཅིན་ལིན་གྱི་ཚོགས་པས་ལེགས་སྒྲུབ་བྱས་པ་དང་། གྲུབ་འབྲས་ཐོབ་པའི་དཔྱད་རྩོམ་དེ་ཟླ་5ཚེས་23ཉིན་གྱི་ཐོ་རེངས་སུ་རྒྱལ་སྤྱིའི་རིག་གཞུང་དུས་དེབ《ཚན་རིག》དྲ་ཐོག་ཏུ་སྤེལ་བ་རེད། འདི་ནི་ཟླ་2ཚེས་18ཉིན་པར་བརྒྱབ་པའི“ཀྲུང་གོའི་གནམ་མིག”ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།