དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ནུས་ཤུགས་ཡོད་རྒུས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-24

    དེ་གོང་། དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་རྗེས་ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ཨར་སྐྲུན་དུས་མཚམས་སུ་སླེབས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གེགས་རྗེས་བསྐྱར་སྐྲུན་བྱས་པའི་ཁང་པ་ཚང་མར་ཡོམ་ཤུགས་རིམ་པ་བརྒྱད་འགོག་ཐུབ་པ་སྒྲིག་སྦྱོར་བྱས་ནས་ཟླ་5པའི་ཟླ་འགོར་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་། ཟླ་10པའི་ཟླ་མཇུག་གོང་བསྐྱར་སྐྲུན་ལེགས་གྲུབ་ཐུབ་རྒྱུ་ཡིན་པ་རེད། ལོ་གཅིག་ནང་སྨན་ཁང་དང་སློབ་གྲྭ་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དང་དེ་བཞིན་འགྲིམ་འགྲུལ་དང་ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ནུས་པ་ཁྱོན་ཡོངས་ནས་སླར་གསོ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞིང་། འདི་ནི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་མཚོ་ཤང་ཟིལ་དཀར་གྲོང་ཚོའི་གེགས་རྗེས་བསྐྱར་སྐྲུན་བྱ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།