ཁྲིམས་ཀྱིས་སེམས་ཀྱི་ཞིང་ས་བརླན། ཁྲིམས་ཀྱིས་གཞོན་ནུའི་འཚར་ལོངས་བསྐྱངས།
ཉེ་ཆར། སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གི“བདེ་སྐྱིད། ནོར་བུ”ཞེས་པའི་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་རུ་ཁག་སློབ་གྲྭར་སྐྱོད་པའི་འགོ་ཚུགས་མཛད་སྒོ་སྟག་རྩེ་ཆུས་སློབ་འབྲིང་དུ་འཚོགས་པ་རེད། རུ་ཁག་གི་ཁོངས་མིས“ཁྲིམས་སྐྱོང”ལ་བརྟེན་ནས་ལང་ཚོ་སྲུང་ཐུབ་པ་སློབ་ཁྲིད་ཀྱི་ནང་དོན་གཙོ་བོར་བྱས་ཏེ། སློབ་གྲོགས་ཚོར་ཉེ་འགྲམ་དུ་ཉེན་ཁ་གང་དག་གནས་ཡོད་མེད་དང་། སློབ་གྲྭའི་བརྙས་བཅོས་དང་བཙན་གཡེམ་གང་ཡིན་མིན་དང་རིགས་མི་འདྲ་བ་གང་དག་ཡོད་མེད། དེ་བཞིན་གནས་ཚུལ་དེ་དག་འཕྲད་སྐབས་ཇི་ལྟར་བྱས་ཏེ་རང་ཉིད་སྲུང་སྐྱོང་བྱེད་དགོས་པ་སོགས་ཀྱི་ཐད་ལ་གསོན་ཉམས་ལྡན་པའི་སྒོ་ནས་གསལ་འགྲེལ་བྱས་པ་རེད། འདི་ནི་ཞིབ་དཔྱོད་དཔོན་གྱིས་ས་ཡུལ་དངོས་སུ་སློབ་མ་དང་སྤེལ་རེས་བྱེད་བཞིན་པ།