དྲ་བའི་སྤོ་ལོ་སློབ་གྲྭར་ཁྱབ་གདལ་བཏང་བ།
འདི་ནི་རྩལ་འཁྲིད་པས་དྲ་བའི་སྤོ་ལོ་རྒྱག་སྟངས་ཀྱི་དཀའ་གནད་སློབ་བཞིན་པ།
འདི་ནི་སློབ་མས་དྲ་བའི་སྤོ་ལོ་རྒྱག་སྟངས་སྦྱོང་བཞིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་དང་། རང་སྐྱོང་ལྗོངས་དྲ་བའི་སྤོ་ལོ་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི“དྲ་བའི་སྤོ་ལོ་སློབ་གྲྭར་ཁྱབ་གདལ་གཏོང་བའི”བྱེད་སྒོ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སློབ་ཆུང་བཞི་པ(དཔལ་འབྱོར་གསར་སྤེལ་ཁུལ་སློབ་ཆུང)རུ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ། ཆེད་ལས་ཀྱི་རྩལ་འཁྲིད་ཚོགས་པས་དགེ་སློབ་ཚོར་དྲ་བའི་སྤོ་ལོའི་འབྱུང་ཚུལ་དང་། སྒྲིག་ལམ། རྒྱག་སྟངས་བཅས་ངོ་སྤྲོད་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ་དཔེ་སྟོན་མཛུབ་ཁྲིད་ཀྱང་བྱས་པར་སློབ་མ་ཚོས་ནན་ཏན་ངང་ཉན་ནས་ཧུར་ཐག་སྦྱོང་བའི་རྣམ་པ་འཁྲུག་ཆ་དོད་པོར་གྱུར་ཡོད།